ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་མོན་གྷོཊ་ནང་མཛད་འཕྲིན་སྐྱོང་བཞིན་ཡོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོཊ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གདན་ས་འབྲས་སྤུངས་དང་དགའ་ལྡན་གྱི་དགེ་འདུན་བདུན་བརྒྱ་སྐོར་ལ་དགེ་སློང་གི་སྡོམ་པ་འབོག་ཆོག་གནང་འདུག་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པ་ཚོས་སློབ་གཉེར་ལ་དང་འདོད་བྱེད་དགོས་པ་དང་སློབ་གཉེར་ལ་མཐུད་ཤོར་སོང་བ་ཡིན་ན་སླར་གསོ་བྱེད་དཀའ་བ་རེད་ཅེས་བཀའ་སློབ་གནང་འདུག་པ་བཅས་ཀྱི་སྐོར། རྣམ་རྒྱལ་ཤཱསྟྲིས་ས་གནས་གཞིས་འགོ་ཕུན་ཚོགས་ཚེ་རིང་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG