ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་མེ་མདའི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་མྱ་ངན།
༢༠༢༣ ལོའི་སྤྱི་ཟླ་༡༢ པའི་ཚེས་༢༡ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་རུ་སྐྱེས་པ་ཞིག་གིས་གང་བྱུང་མེ་མདའ་བརྒྱབ་ནས་ཉུང་མཐར་མི་༡༤ རྐྱེན་འདས་སུ་བཏང་བའི་ཡ་ང་བའི་དོན་རྐྱེན་བྱུང་ཡོད་པར། ཅེག་སྤྱི་མཐུན་རྒྱལ་ཁབ་གཞུང་དམངས་གཉིས་ཀྱིས་དེ་དོན་མྱ་ངན་ཞུས་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།