ངོ་འཕྲད་བདེ་བའི་དྲ་འབྲེལ།

ཅེག་གི་མཐོ་རིམ་མི་སྣའི་ཐེ་ཝན་འཚམས་གཟིགས་ལ་རྒྱ་ནག་གིས་སྐྱོན་བརྗོད།


ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Milos Visatrail ཡིས་སྣེ་ཁྲིད་འོག་སྐུ་ཚབ་འཐུས་མི་མང་པོ་ཞིག་གིས་ཐེ་ཝན་ནང་མཛད་འཆར་སྐྱོང་བཞིན་པའི་སྐབས། དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་དང་འཁྲུག་རྐྱེན་གྱི་བྱ་སྤྱོད་ཡིན་པས་རྒྱ་ནག་སྲིད་གཞུང་གིས་རྒོལ་ལན་སློག་གི་ཡིན་ཞེས་ཁ་རྡུང་དྲག་པོ་བཏང་ཡོད་ཀྱང་ཚོགས་གཙོ་ཁོང་གིས་ཐེ་ཝན་དེ་བཞིན་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ལྟ་བུའི་འདུ་ཤེས་ཐོག་བཀའ་མོལ་ལྷུག་པོ་གནང་བཞིན་ཡོད་པ་དེར་རྒྱ་ནག་གཞུང་གིས་དངང་འཚབ་ཆེན་པོ་བྱེད་ཀྱི་འདུག་ཅེས་བོད་དང་ཐེ་ཝན་རྒྱ་ནག་སོགས་ཀྱི་ཆབ་སྲིད་ཀྱི་གནད་དོན་ཐོག་དུས་ཡུན་རིང་པོར་དོ་སྣང་གནང་མཁན་དང་དོན་གཅོད་ཁང་ནང་ཕྱག་ལས་གནང་མཁན་དྲུང་ཆེ་སྐུ་ཞབས་བསོད་ནམས་རྡོ་རྗེ་ལགས་ཀྱིས་གསུངས་ཤིང་། དེའི་རྒྱུ་མཚན་གཙོ་བོ་ག་རེ་ཡིན་པའི་ཐད་ཁོང་ལ་བཀའ་འདྲི་ཁག་ཅིག་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG