ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ནང་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་བཞིན་འདུག་ཅེས་བརྗོད་འདུག


ཉེ་ཆར་བོད་ནང་དངོས་སུ་སྐྱོད་མཁན་ཨ་རིའི་ཕྱི་འབྲེལ་ཐབས་ཇུས་དཔོན་རིགས་ཟུར་པ་ཞིག་གིས་རང་གིས་མཐོང་ཐོས་བྱུང་བར་གཞིགས་ན་་རྒྱ་ནག་གིས་བོད་ལ་དབང་བསྒྱུར་ཏེ་བོད་ནང་ཆོས་དང་རིག་གཞུང་། བོད་མིའི་ངོ་བོ་དེ་བཞིན་ཡུལ་སྲོལ་གོམ་གཤིས་བཅས་པ་རྩ་མེད་བཟོ་བའི་སྲི་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དངོས་ར་འཕྲོད་ཀྱི་འདུག་ཅེས་བརྗོད་འདུག དཔོན་རིགས་འཇོན་་གྷེ་རམ་གྱིས་ཟླ་བ་སྔོན་མའི་ནང་ཉིན་གྲངས་བཅུའི་རིང་བོད་ཀྱི་རྒྱལ་ས་ལྷ་ས་དང་དེའི་ཉེ་འཁོར་གྱི་ས་ཁུལ་དུ་དངོས་སུ་བསྐྱོད་དེ་བལྟ་ཞིབ་ནན་ཏན་བྱས་ཏེ་གསང་བའི་ཐོག་ནས་ཟིན་བྲིས་བྱས་པའི་གནས་ཚུལ་ཁག་ཕྱི་ཟླ་བཅིུག་པའི་ཚེས་༡༥འི་ཉིན་ཕྱི་རྒྱལ་གྱི་གསར་ཤོག་ཁག་གི་ནང་ཐོན་ཡོད་པ་རེད།

XS
SM
MD
LG