ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༠༢/༠༡

གཟའ་འཁོར་འདིར་བོད་པའི་སྤྱི་ཚོགས་སུ་ནད་དུག་འགོ་མཁན་བྱུང་མེད་པ།


༄༅།། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། འདས་པའི་བདུན་ཕྲག་དེར་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་གཅིག་ཀྱང་ཐོན་མ་སོང་ཞེས་ཕྱི་ཟླ་༣་པའི་ཚེས་༣༡་ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་པདྨ་གཡུ་སྒྲོན་གྱིས་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་གསལ་བསྒྲགས་སྤེལ་འདུག ད་ལྟ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་ལོ་ངོ་གཉིས་ལྷག་ཕྱིན་ཡོད་ཅིང་། གཟའ་འཁོར་སྔོན་མ་བར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མི་ཉུང་བ་ཞིག་བསྟུད་མར་བྱུང་། འོན་ཀྱང་འདས་པའི་བདུན་ཕྲག་དེར་ཏོག་དབྱིབས་ནད་དུག་འགོས་པའི་མི་གཅིག་ཀྱང་ཐོན་མེད་པས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལ་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་མུ་མཐུད་གནས་དགོས་མིན་དྲིས། ཁོང་གིས་བལ་ཡུལ་གྱི་ཏོག་དབྱིབས་ནད་དུག་ཛ་དྲག་ཚོགས་ཆུང་གནས་སྐབས་རིང་མཚམས་འཇོག་བྱ་རྒྱུ་ཡིན། དབུས་ཛ་དྲག་ལས་དོན་ཚོགས་ཆུང་མུ་མཐུད་བཞག་སྟེ་ལས་དོན་རྒྱུན་སྐྱོང་བྱེད་དགོས་མིན་སྲིད་སྐྱོང་དང་ཚོགས་ཆུང་གི་སློབ་སྟོན་པ། དེ་བཞིན་འབྲེལ་ཡོད་ཚོགས་མི་ཚོར་གྲོས་སྡུར་བྱ་རྒྱུ་ཡིན་ཞེས་ལེན་འདེབས་བྱུང་ཞིང་། ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུས་སུ་ཐོ་འགོད་བྱུང་བར་གཞིགས་ན། རྒྱ་བལ་གཉིས་ཀྱི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་༩༡༥༠་དང་མི་༨༩༨༢་དྲག་སྐྱེད། མི་༡༦༨་འདས་གྲོངས་སུ་གྱུར་འདུག་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG