ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་བོད་པའི་དཔུང་སྡེ་ཟུར་འཛུཊ་བྱ་རྒྱུ་ཁག་པོ་ཡིན་སྐད།


༄༅།། ཁ་སང་ཕྱི་ཟླ་༤་པའི་ཚེས་༡༨་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གསང་བའི་ཡིག་ཆ་དང་གསང་བའི་གནས་ཚུལ་གྱི་འབྱུང་ཁུངས་མི་འདྲ་བ་ཁག་གསུམ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཁོངས་སུ་བོད་པའི་དམིགས་བསལ་དཔུང་སྡེ་ཞིག་ཟུར་འཛུགས་བྱ་རྒྱུ་དང་བོད་པའི་དཔུང་སྡེ་དེ་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་འགྲེམ་འཇོག་བྱ་སྲིད་པའི་གནས་ཚུལ་ཞིག་སྤེལ་ཡོད་ཅིང་། འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་རིན་ཆེན་ལ་གནད་དོན་འདིའི་སྐོར་དོགས་གཅོད་ཞུས། ཁོང་གིས་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་ཐོན་པའི་གནས་ཚུལ་དེ་དངོས་འབྲེལ་ཨེ་ཡིན་སྙམ་ཞེས་ལན་འདེབས་གནང་སོང་།།

རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་སྔ་ལོ་ཧིན་བོད་ས་མཚམས་སུ་རྒྱ་གར་དང་རྒྱ་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་དང་གདོང་ཐུག་བྱུང་ནས་བཟུང་། རྒྱ་ནག་གི་དམག་ཁོངས་སུ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་གི་བོད་པ་རྣམས་བསྡུ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་རྒྱལ་ས་ལྷ་ས་གཅིག་པུ་མ་ཡིན་པར་སྟོད་མངའ་རིས་ཁུལ་གྱི་རུ་ཐོག་དང་རྩ་མདའ་ས་གནས་ནས་ཀྱང་བོད་པ་ཚོ་དམག་ཁོངས་སུ་བསྡུ་བཞིན་འདུག་ཅེས་བཀོད། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་གྱིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཁོངས་སུ་སྔ་མོ་ནས་བོད་པ་བསྡུ་བཞིན་ཡོད་པ་རེད། དེང་སྐབས་རྒྱ་ནག་གི་དམག་ཁོངས་སུ་བོད་པ་བསྡུ་རྒྱུ་ཤུགས་ཆེ་རུ་བཏང་བ་ཡོད་པ་རྣམས་ང་ཚོས་རྟོགས་བྱུང་ཡོད་ཅེས་བཀྲལ།།

ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་འདི་ཕྱི་ཟླ་གཉིས་པའི་ནང་དུ་རྒྱ་དཀར་ནག་གི་དམག་དཔུང་རྣམས་སྤོང་གོང་མཚོ་འགྲམ་ནས་ཕྱིར་འཐེན་དང་མཚོན་ཆ་ཉུང་དུ་གཏང་རྒྱུ་སོགས་ཀྱི་ཐག་གཅོད་བྱུང་བའི་རྗེས་སུ་བྱུང་འདུག རྒྱ་གར་གཞུང་གིས་འདི་ལ་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་ཞེས་འཁོད། ཉེ་ཆར་ཕྱི་ཟླ་༤་པའི་ཚེས་༩་ཉིན་རྒྱ་དཀར་ནག་གི་དམག་དོན་མི་སྣ་ཚོས་ཕྱོགས་གཉིས་ཀྱི་ས་མཚམས་སུ་ལྷིང་འཇགས་བསྐྲུན་རྒྱུའི་གྲོས་མཐུན་བཞག་ཀྱང་ལྡེབ་སང་དང་ཆུ་ཚན། དེ་བཞིན་གོག་ར་བཅས་ཀྱི་ས་ཁུལ་ཁག་ཏུ་ཛ་དྲག་ཡོད་པ་ཞི་འཇམ་གཏོང་ཐབས་སུ་གྲོས་མཐུན་གང་ཡང་བྱུང་མེད་པ་རེད།།

དེ་རིང་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་རྒྱ་ནག་གཞུང་གིས་བཅིངས་བགྲོལ་དམག་མིའི་ཁོངས་སུ་བོད་པའི་དཔུང་སྡེ་ཞིག་ཆེད་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་ནི་མི་རིགས་གཅིག་གི་སྡེ་ཁག་ཅིག་ཟུར་འཛུགས་བྱས་པ་ཆེས་ཐོག་མ་དེར་འགྱུར་རྒྱུ་རེད་ཅེས་བཀོད། རྒྱ་ནག་གི་དམག་མི་རྣམས་ཧིན་བོད་ས་མཚམས་སུ་སླེབས་སྐབས་ས་བབ་མཐོ་དྲགས་ཏེ་དབུགས་མ་འདང་བ་དང་ཁྲག་འཁོར་རྒྱུག་ཡག་པོ་ཞིག་མ་ཐུབ་པར་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། ན་ནིང་ཕྱི་ཟླ་༨་པར་རྒྱ་གར་གཞུང་གིས་བོད་པའི་དམག་སྡེ་ཁག་ས་མཚམས་སུ་བཏང་སྟེ་འབར་རྫས་བཀད་ནས་བོད་པའི་དམག་མི་ཞིག་ལ་སྲོག་སྐྱོན་བྱུང་། ཕྱི་ལོ་༢༠༡༠་ལོའི་རྒྱ་ནག་གི་གཞུང་འབྲེལ་ཐོ་གཞུང་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཁོངས་སུ་རྒྱ་ནག་པ་ས་ཡ་༢་དང་འབུམ་༡་ཡོད་པ་དང་བོད་མི་༤༣༠༠་ལས་མེད་པ། དེང་སྐབས་རྒྱ་ནག་གི་དམག་ཁོངས་སུ་བོད་པ་ཅི་ཙམ་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཞིག་མ་འཁོད། ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་རྣམས་ཀྱི་མིང་དངོས་སུ་འཁོད་མེད་ཀྱང་རྒྱ་གར་གྱི་དཔོན་རིགས་ཤིག་གིས་རྒྱ་ནག་གི་དམག་ཁོངས་སུ་བོད་པའི་དཔུང་སྡེ་ཞིག་གསར་འཛུགས་བྱེད་ཀྱི་ཡོད་ཚེ། དེ་ནི་རྒྱ་ནག་གིས་རྒྱ་གར་གཞུང་དང་རྒྱ་གར་དུ་གནས་འཁོད་བོད་པ་ཚོར་བརྡ་ཞིག་གཏོང་གི་ཡོད་པ་མཚོན་ཐུབ་ཅེས་བཤད་འདུག

དེང་སྐབས་དྲྭ་ཐོག་ཏུ་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་ཀྱི་ས་ཐོག་ཏུ་བཅིངས་འགྲོལ་དམག་མིའི་དམག་སྦྱོང་བྱེད་བཞིན་ཡོད་པའི་བརྙན་པར་མཐོང་རྒྱུ་ཡོད་པ། ཧིན་བོད་ས་མཚམས་ཁག་ཏུ་དངོས་སུ་གདོང་ཐུག་ཡོང་ས་དེར་རྒྱ་དཀར་ནག་གཉིས་ཀས་བོད་པ་ཚོ་ཕན་ཚུན་གྲོས་མོལ་བྱེད་དུ་བཅུག་ནས་དཀའ་ངལ་སེལ་ཐབས་བྱེད་བཞིན་པའི་བརྙན་པར་སོགས་དྲྭ་ལམ་དུ་མཐོང་རྒྱུ་ཡོད་པས་བོད་པ་བཙན་བྱོལ་བ་ཚོས་དྲྭ་ལམ་གྱི་གནས་ཚུལ་དེར་བློ་འཚབ་བྱེད་ཀྱི་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།



XS
SM
MD
LG