ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་བོད་དོན་འབྲེལ་མཐུད་པའི་འོས་མིར་ཉན་ཞིབ།


༄༅།། ཨ་རིའི་བོད་དོན་འབྲེལ་མཐུད་པའི་གོ་གནས་ལ་འབྲེལ་བ་ཡོད་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་འོག་མའི་གྲས་ཀྱི་མི་སྣ་བསྐོ་བཞག་བྱེད་ཕྱོགས་སུ་ཕྱི་ཟླ་༤་པའི་ཚེས་༡༥་ཉིན་མོར་ཨ་རིའི་གྲོས་ཚོགས་སུ་ཉན་ཞིབ་ཚོགས་འདུ་ཞིག་ཚོགས་སོང་། སྲིད་འཛིན་བྷ་ཌན་གྱི་གཞུང་འཛིན་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ལས་དོན་སྒྲུབ་མཁན་སྲི་ཞུ་བ་མཐོ་གྲས་ཏེ། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་འོག་མའི་ཁོངས་སུ་རྒྱ་གར་གྱི་མི་རྒྱུད་དུ་གཏོགས་པའི་ཨ་རི་བ་ལྕམ་ཨུ་ཛར་ཛུ་ཡ་མཚན་འདོན་གནང་བར་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་ཉན་ཞིབ་ཚོགས་ཡོད་ཅིང་། གོ་གནས་འདི་ནི་ཨ་རིའི་གཞུང་གི་བོད་དོན་འབྲེལ་མཐུད་པའི་གོ་གནས་དང་འབྲེལ་བ་ཆགས་ཡོད་པས་བོད་པ་ཚོས་དོ་སྣང་ཆེན་པོ་བྱས་ཡོད་པར་མ་ཟད། ལྕམ་ཨུ་ཛར་ཛུ་ཡ་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG