རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་སེལ་རྒྱུའི་ཆེད་དུ་དམིགས་ཏེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ བོད་མིའི་མདུན་ལམ་སློབ་སྟོན་ལས་ཁུངས་དང་གློག་ཀླད་སྦྱོང་བརྡར་ལྟེ་གནས་ཁང་གཉིས་བཞུགས་སྒར་རྡ་རམ་ས་ལར་དེ་རིང་ཕྱི་ཟླ་བཅུ་པའི་ཚེས་༢༤ཉིན་དབུ་འབྱེད་གནང་ཡོད་པའི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་ལྷག་པ་སྐྱིད་འཛོམས་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།