ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་པ་ཚོས་ནད་གསར་པ་འདིར་འཛེམ་ཟོན་དགོས་པའི་ལམ་སྟོན།


༄༅།། ཕྱི་ཟླ་༡༢་པའི་ཚེས་༢༣་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་གིས་འདས་པའི་བདུན་ཕྲག་གཅིག་གི་ནང་དུ་རྒྱ་གར་དུ་བོད་པ་༧་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་ཞེས་གསལ་བསྒྲགས་སྤེལ་ཡོད་ཅིང་། སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་རྒྱ་གར་གཞུང་གིས་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དང་ཕྱི་ལོ་གསར་པའི་དགའ་སྟོན་སྐབས་སུ་མི་ཚོགས་འདུ་འཛོམས་བྱེད་མི་ཆོག་པའི་དམ་བསྒྲགས་བྱེད་ཀྱི་ཡོད་པ་ལྟར་བོད་པའི་སྤྱི་ཚོགས་སུའང་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཨོ་མི་ཁོ་རོན་ཞེས་པ་འདིར་སུད་ཚོང་བ་དང་ཕྱོགས་སྐྱོད་ཀྱི་བོད་པ་ཚོས་སྔོན་འགོག་གི་ཐབས་ལམ་རྣམས་བསྟེན་དགོས་པ་དང་སྔར་ལས་ལྷག་པའི་ཡིད་གཟབ་བྱེད་དགོས་ཞེས་ནན་བརྗོད་གནང་ཡོད་པར་མ་ཟད།

ད་ལྟའི་བར་དུ་འཕྲོད་བསྟེན་ལྷན་ཁང་ལ་ཐོ་འགོད་བྱུང་བར་གཞིགས་ན་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་༦༩༧༦་ལ་ནད་དུག་འགོས་པ་དང་མི་༡༦༢་ལ་འཆི་སྐྱོན། མི་༦༨༠༠་དྲག་སྐྱེད་བྱུང་བ་དང་སྨོན་བཅོས་བྱེད་བཞིན་པའི་མི་༡༤་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG