ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་རེབ་གོང་ནང་འཁྲུགས་རྩོད་འཇགས་ཐབས་བྱེད་དགོས་གསུངས་པ།


བོད་མདོ་སྨད་རེབ་གོང་གི་ནང་འཚོ་ཐབས་ཞིང་ལས་ཡིན་པ་བསོད་ནམ་དར་རྒྱས་ལགས་ཀྱིས་ བོད་དོན་ཆེད་དུ་རང་ལུས་མེར་སྲེག་བཏང་སྟེ་ཚེ་ལས་འདས་པའི་རྗེས་ ཁོང་གི་ཕུང་ཆོས་ལ་ཉེ་འཁོར་གྱི་ས་ཁུལ་གང་ས་ནས་བོད་མི་སྟོང་ཕྲག་མང་པོས་མཉམ་བཞུགས་བྱས་ཏེ་ གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་པ་དང་ སྐབས་དེར་ རྒྱ་གཞུང་གི་ཉེན་རྟོག་དམག་མི་དང་བོད་མིའི་དབར་འཁྲུགས་རྩོད་ཀྱི་དོན་རྐྱེན་བྱུང་སྟེ་ ད་ལྟ་གནས་སྟངས་ཧ་ཅང་ཛ་དྲག་ཡོད་པར་ བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བློ་འཚབ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་འདུག་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG