ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་མའི་གཏེར་ཁ་སྔོག་ཡུལ་དུ་ཆག་སྒོ་བྱུང་བའི་ལན་ཁག་རྒྱ་ནག་ལ་ཡོད།


ཉེ་དུས་རེས་གཟའ་པ་སངས་ཀྱི་ཞོགས་པར་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱང་ཐག་སྤྱི་ལེ་༦༨་ཙམ་གྱི་མཚམས་སུ་ཡོད་པའི་མལ་གྲོ་གོང་ཀར། རྒྱ་མ་གསེར་གྱི་གཏེར་ཁ་སྔོག་འདོན་བྱེད་ཡུལ་དུ་ས་བརྡིབས་ཏེ་བོད་པ་༢་ཚུད་པའི་ཁྱོན་བསྡོམས་མི་༨༣་ལ་སྲོག་སྐྱོན་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ས་རྡིབ་བྱུང་བའི་ལན་ཁག་གཙོ་བོ་རྒྱ་ནག་གི་གཏེར་གཉེར་བཟོ་ཚོང་ཁང་དེས་གང་བྱུང་དུ་གཏེར་ཁ་སྔོག་འདོན་བྱས་དང་བྱེད་བཞིན་པའི་རྐྱེན་གྱིས་ཡིན་ཞེས་བཙན་བྱོལ་སྒྲིཌ་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་འགྲེལ་བརྗོད་བྱས་པ་དང། གཤམ་ལ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་བསྟན་འཛིན་ནོར་བུ་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
XS
SM
MD
LG