ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལ་དྭགས་འདུད་གཅིག་བོད་མིའི་འབྲོག་པའི་ར་ལུག་ལ་ཁ་ཚ་བྱུང་།


༄༅།། ད་ལོ་ལ་དྭགས་འདུད་གཅིག་བོད་མིའི་འབྲོག་པའི་ཁྱིམ་ཚང་བདུན་གྱི་ར་ལུག་༩༧༣་ལ་ཁ་ཚ་བྱུང་སྟེ་ཤི། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངལ་སེལ་རོགས་རམ་གནང་གི་ཡོད་པ་སྟེ། ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མར་བཅར་འདྲི་ཞུས་པར་བཀའ་ཤག་ལ་བཀའ་འཁྲོལ་ཞུས་ནས་ར་ལུག་ཤི་བའི་དུད་ཚང་བདུན་ལ་ཛ་དྲག་གི་དཀའ་ངལ་སེལ་སླད་ཧིན་སྒོར་འབུམ་གཉིས་འཕྲལ་དུ་མཁོ་སྤྲོད་བྱས་ཏེ་ཕན་རླབས་ཆེན་པོ་བྱུང་སོང་། ང་ཚོ་གོད་ཀ་འདིར་རྒྱུས་མངའ་གསལ་པོ་མེད་པས་པུ་ནེ་དང་མ་ཧ་རྴ་ཀྲ་མངའ་སྡེ་གཉིས་སུ་ར་ལུག་གི་ཁྲག་གི་དཔེ་མཚོན་བསྐུར་ནས་བརྟག་དཔྱད་བྱེད་དུ་བཅུག་པ་ཡིན་ཞེས་འགྲེལ་བརྗོད་གནང་འདུག ཟླ་བ་འདིའི་ཚེས་༤་ཉིན་འདུད་གཅིག་འབྲོག་སྡེའི་ཁྱིམ་ཚང་ཞིག་གི་ར་ལུག་ལ་ཁ་ཚ་བྱུང་སྟེ་སྒྲོལ་མ་ལྷ་མོ་ཞེས་པ་ཞིག་གིས་བརྙན་ཐུང་བཟོས་ནས་དྲྭ་ལམ་དུ་བཀྲམ་སྟེ་རོགས་སྐྱོར་ཞུས། བརྙན་ཐུང་དེར་འབྲོག་པ་ཚོས་ར་ལུག་ལ་གོད་ཀ་བྱུང་བ་འདི་ནི་སྔོན་ཆད་མཐོང་མྱོང་མེད་པའི་ནད་ཅིག་རེད་ཅེས་བཀྲལ་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG