ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གཟའ་འཁོར་སྔོན་མར་བོད་པ་༣༧་ལ་ནད་དུག་འགོས་པ་དང་༡་འདས་གྲོངས།


༄༅།། ཕྱི་ཟླ་༤་པའི་ཚེས་༨་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་ལྷན་ཚོགས་སྐབས་སུ་རྒྱ་གར་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་འབུམ་གཅིག་ལྷག་བརྒལ་བཞིན་པའི་ཛ་དྲག་གི་དུས་འདིར་རྒྱ་གར་གཞུང་གིས་བདུན་ཕྲག་གསུམ་ལ་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་རུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་དུ་འགྲོ་བཞིན་འདུག་ཅེས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་གསལ་བསྒྲགས་སྤེལ་སོང་།།

ཕྱི་ཚེས་༨་ཉིན་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་ལས་སྣེ་ཚོས་གསལ་བསྒྲགས་སྤེལ་བ་ལྟར་ན། འདས་པའི་གཟའ་འཁོར་གཅིག་གི་རིང་དེར་རྒྱ་གར་དང་བལ་ཡུལ་གྱི་བོད་པ་གནས་འཁོད་ས་གནས་ཁག་ཏུ་བོད་པ་༣༧ ལ་ནད་དུག་འགོས་པ་དང་མི་གཅིག་ལ་ཏོག་དབྱིབས་ནད་དུག་ཕོག་སྟེ་འཆི་སྐྱོན་བྱུང་ཞིང་། ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་བཀོད་བྱུང་བར་གཞིགས་ན། བོད་པ་༡༧༥༧་ལ་ཏོག་དབྱིབས་ནད་དུག་པ་དང་མི་༡༦༢༨་དྲག་སྐྱེད། མི་༤༨་ལ་འཆི་སྐྱོན་དང་མི་༨༡་ལ་སྨན་བཅོས་བྱེད་བཞིན་ཡོད་འདུག ད་དུང་ནད་རྟགས་མ་ཐོན་པར་ཟུར་འགོག་བྱེད་ཡོད་པ་ཚོས་རང་སྣང་གང་དྲན་དང་འཕྲོད་བསྟེན་ལས་བྱེད་པའི་བཀོད་འདོམས་ལ་ཉན་འཇོག་མི་བྱེད་པའི་དཀའ་ངལ་འཕྲད་ཀྱི་འདུག བོད་པ་ཚོས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་དགོས་པ་དང་རང་གཞན་གཉིས་ཀྱི་འཕྲོད་བསྟེན་ལ་འགན་ཁུར་ལེན་དགོས་པའི་དྲན་སྐུལ་ནན་པོ་བཏང་སོང་།།

འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་གཡུ་སྒྲོན་གྱིས་རེས་གཟའ་ཉི་མའི་ཉིན་བོད་པ་བཙན་བྱོལ་བ་གནས་ཡུལ་ཀུན་ཏུ་༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་ཀྱི་ཡོད་པས་ཚང་མས་ནད་དུག་ལ་འཛེམ་ཟོན་བྱ་དགོས་པ་དང་ནད་ཡམས་སྔོན་འགོག་གི་ཐབས་ལམ་ཁག་ངེས་པར་དུ་བསྟེན་དགོས་པར་མ་ཟད། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་ད་ལྟའི་དུས་སྐབས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་མ་ཧ་ར་ཤི་ཊི་ར་དང་ཀེ་ར་ལ། ཀར་ན་ཊ་ཀ་དང་ཨན་ཏར་པུར་ཏེ་ཤི། ཏ་མཱིལ་ན་དྷུ་བཅས་ལ་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཧ་ཅང་ཆེན་པོ་འདུག དེ་བཞིན་རྒྱ་གར་བྱང་ཕྱོགས་ཀྱི་པན་ཇབ་དང་ཨུ་ཏར་པུར་ཏེ་ཤི་གཉིས་ལའང་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་སྡུག་ཏུ་འགྲོ་བཞིན་འདུག མཚན་འགྲུལ་བཀག་སྡོམ་གྱི་བཀོད་ཁྱབ་བྱེད་ཀྱི་ཡོད་པས་མངའ་སྡེ་ཁག་ཏུ་གནས་འཁོད་བོད་པ་ཚོས་དམིགས་བསལ་གྱིས་ཡིད་གཟབ་བྱ་དགོས་པའི་ནན་བརྗོད་གནང་སོང་།།

ད་ལྟ་རྒྱ་གར་ལ་ནད་ཡམས་ཁྱབ་གདལ་ཐེངས་པ་འགྲོ་བཞིན་ཡོད་པས་ཉེ་སྔོན་སློབ་ཁྲིད་འགོ་ཚུགས་པའི་སློབ་གྲྭ་ཁག་ཀྱང་བསྐྱར་དུ་སྒོ་བརྒྱབ་། རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བཞིན་ཡོད་ཅིང་། ནད་དུག་སྔོན་འགོག་གི་ཐབས་ལམ་གཙོ་བོ་གསུམ་ནི་འགོག་ཁབ་རྒྱག་རྒྱུ་དང་ཁ་རས་གྱོན་རྒྱུ། སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་ཁྲིམས་བསྲུང་རྒྱུ། རྒྱ་གར་གཞུང་གིས་ལོ་ན་༤༥་ཡན་ཆད་ཀྱི་མི་ཚོར་འགོག་ཁབ་རྒྱག་གི་ཡོད་པས་དེ་ལ་དོ་སྣང་བྱ་དགོས་པའི་ལམ་སྟོན། བདེ་ལེགས་སྨན་ཁང་དུ་དུས་ཚོད་བཟོ་ཕྱོགས་དང་སྨན་ཁབ་ལ་དོགས་སེལ་གྱི་བརྙན་པར་ཞིག་བཟོ་སྐྲུན་བྱ་འཆར་ཡོད་ཅེས་གསུངས་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG