ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་སྤྱིའི་འོས་འདེམས་ལ་མི་མང་གི་གྲ་སྒྲིག


༄༅།། སྤྱི་ཟླ་༤་ཚེས་༡༡་སྟེ། རེས་གཟའ་ཉི་མའི་ཉིན་བོད་པ་བཙན་བྱོལ་བ་ཚོས་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་༡༧་པའི་བོད་མི་དམངས་སྤྱི་འཐུས་ཀྱི་དངོས་གཞིའི་འོས་འདེམས་བྱེད་ཀྱི་ཡོད་ཅིང་། བཞུགས་སྒར་རྡ་རམ་ས་ལའི་བོད་པ་ཚོས་དངོས་གཞིའི་འོས་མི་གདམ་ཕྱོགས་ཐད་ཐག་གཅོད་གང་འདྲ་བྱེད་ཀྱི་ཡོད་མེད། བོད་པ་ཁག་ཅིག་གིས་ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་སྟེ་སྔོན་འགྲོའི་སྤྱི་འཐུས་འོས་མི་དང་དངོས་གཞིའི་སྤྱི་འཐུས་ཀྱི་འོས་མི་གཉིས་ལ་ཁྱད་པར་ཆེན་པོ་ཕྱིན་པར་མ་ཟད། ད་ཐེངས་ཀྱི་སྤྱི་འཐུས་འོས་འདེམས་ལ་བསམ་བློ་ནན་ཏན་གཏང་དགོས་པ་ཞིག་ཏུ་གྱུར་སོང་ཞེས་བསམ་ཚུལ་བརྗོད་ཀྱི་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གནས་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG