ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༣/༡༣
བོད།
ཏོག་ནད་ཀྱིས་བོད་པ་བཙན་བྱོལ་བར་ཐེབས་པའི་ཤུགས་རྐྱེན།
༠༡།༠༤།༢༠༢༠
ཏོག་ནད་ཀྱིས་བོད་པ་བཙན་བྱོལ་བར་ཐེབས་པའི་ཤུགས་རྐྱེན།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
ཏོག་ནད་ཀྱིས་བོད་པ་བཙན་བྱོལ་བར་ཐེབས་པའི་ཤུགས་རྐྱེན།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:09:30
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
༄༅།། རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་བཙན་བྱོལ་བོད་མིའི་མི་འབོར་དང་གཞིས་ཆགས་ཆེ་ཁག་སྟེ། རྒྱ་གར་ལྷོ་ཕྱོགས་ཀྱི་བོད་པའི་སྤྱི་ཚོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་ཡོད་ཅིང་། དཔེར་ན་དགོན་སྡེ་ཁག་གི་བསླབ་པ་སློབ་གཉེར་དང་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་བྱེད་སྒོ་ཡོངས་སུ་རྫོགས་པ་མཚམས་འཇོག་བྱ་དགོས་བྱུང་ཡོད་པ་ལྟར་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་གཞི་རིམ་མང་ཚོགས་ཁག་ཅིག་ལ་ཉིན་རེའི་འཚོ་བའི་དཀའ་ངལ་དང་ཤུགས་རྐྱེན་ཇི་ལྟར་ཐེབས་བཞིན་ཡོད་མེད་བཅས་ལ་བཅར་དྲི་ཞུས་ཡོད།
སྦེལ་ཀོབ་གཞིས་ཆགས་ལ་མཚོན་ན་གཞིས་ཆགས་ནང་ཁུལ་གྱི་བོད་པའི་བཟའ་ཆས་ཚོང་ཁང་རྣམས་ཉིན་ཧྲིལ་པོར་སྒོ་འབྱེད་ཆོག་གི་ཡོད་ཀྱང་ཚོང་བདག་གིས་སྔ་དྲོ་ནས་ཉིན་གུང་བར་དུ་ཉིན་ཕྱེད་མ་གཏོགས་སྒོ་འབྱེད་ཀྱི་མི་འདུག གོང་རིམ་གྱི་བཀའ་ལྟར་ཉོ་ཆ་རྒྱག་མཁན་ཚོས་ཀྱང་ཕན་ཚུན་རྒྱང་ཐག་འཇོག་གི་མི་འདུག དེང་སྐབས་ཚོང་བདག་གིས་ཕྱི་ནས་ཅ་དངོས་ཉོ་སྒྲུབ་བྱ་རྒྱུ་ཁག་ཏུ་སོང་ཡོད་ཀྱང་ཚོང་ཁང་དུ་ཅི་ཞིག་ཡོད་པ་དེ་ལ་རིན་གོང་མ་སྤར་པར་སྔར་བཞིན་ཉོ་མཁན་གྱི་དགོས་མཁོ་སྐོང་བཞིན་ཡོད་ཅེས་སྦེལ་ཀོབ་གཞིས་གྲོང་དང་པོའི་རྒྱ་མཚོ་ཚོང་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་གསུངས་བྱུང་།
བདེ་སྐྱིད་སླར་གསོ་མི་མང་མཉམ་འབྲེལ་ཚོང་ཁང་གིས་མང་ཚོགས་ལ་རྒྱུན་མཁོའི་ཟས་རིགས་སོགས་རིན་གོང་རང་སོར་བཞག་སྟེ་མཁོ་འཚོང་བྱེད་ཀྱི་ཡོད་ཅེས་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་དྲུང་ཆེ་འཆི་མེད་ལགས་ཀྱིས་འགྲེལ་བརྗོད་བྱས་བྱུང་། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་བཟའ་ཆས་ཀྱི་རིགས་རྣམས་རིན་གོང་འཕར་གྱི་མེད་ཀྱང་སྔོ་ཚོད་ཀྱི་རིན་གོང་ཆེན་པོ་ཞིག་འཕར་གྱི་འདུག་ཅེས་སྔོ་ཚོད་ཚོང་པ་བསྟན་འཛིན་སྤེན་པ་ལགས་ཀྱིས་བརྗོད་བྱུང་། སྦེལ་ཀོབ་ལུགས་བསམ་གཞིས་གྲོང་དང་པོའི་སྐྱིད་དབྱངས་སྨན་ཚོང་ཁང་གི་བདག་པོ་རྣམ་རྒྱལ་ཕུན་ཚོགས་ལགས་སུ་སྨན་ཚོང་གི་གནས་སྟངས་སྐོར་བཅར་དྲི་ཞུས་པར་ད་ལྟའི་ཆར་མང་ཚོགས་ལ་སྨན་གྱི་དགོས་མཁོ་རྣམས་སྐོང་ཐུབ་ཀྱི་ཡོད་ཀྱང་མ་འོངས་པའི་གནས་སྟངས་ནི་བཤད་ཚོད་དཀའ་བ་འདུག མི་མང་པོས་ཆམ་པ་དང་ཚ་འཇོམས་སྨན་མང་པོ་ཞིག་ཉོ་བཞིན་འདུག་ཅེས་ལན་འདེབས་བྱས་བྱུང་།
མོན་གྷོ་འདོད་རྒུ་གླིང་གི་སེར་སྐྱ་མང་ཚོགས་ཀྱི་ཉིན་རེའི་འཚོ་བར་དགོས་མཁོ་ཇི་ལྟར་སྐོང་གི་ཡོད་མེད་ཐད་མོན་གྷོ་འདོད་རྒུ་གླིང་གི་གཞིས་འགོ་ལྷག་པ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་བྱས་བྱུང་། ད་དུང་ལྷོ་ཕྱོགས་ཀྱི་གདན་ས་ཁག་གི་འཛིན་སྐྱོང་ཚན་པའི་འབྲེལ་ཡོད་ལས་སྣེ་ཚོས་ཀྱང་དགེ་འདུན་པ་ཚོར་སྔོ་ཚོད་ཀྱི་རིགས་དང་བཟའ་ཆས་རྣམས་དཀའ་ངལ་མེད་ཅེས་ལན་འདེབས་བྱས་བྱུང་།
སྤྱིར་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ཁྱབ་ཁོངས་སུ་མཚན་ཐོ་འཁོད་པའི་སེར་སྐྱ་མང་ཚོགས་ཁྱོན་བསྡོམས་མི་༤༢༩༦༠་ཡས་མས་ཤིག་ཡོད་ཅིང་། སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ལ་གྲོང་སྡེ་༡༦་དང་དགོན་སྡེ་ཁག་༣་བཅས་ཁྱོན་བསྡོམས་མི་འབོར་༢༥༦༠་ཡོད་པ་དང་། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ལ་གྲོང་སྡེ་གྲོང་སྡེ་༧་དང་དགོན་སྡེ་ཁག་༥་བཅས་ཁྱོན་བསྡོམས་མི་འབོར་༡༦༠༠༠་ལྷག་འདུག ཧུན་སུར་གཞིས་ཆགས་སུ་དགོན་ཁག་༣་དང་གཞིས་གྲོང་ཁག་༡༤་བཅས་ཁྱོན་བསྡོམས་སེར་སྐྱ་མི་གྲངས་༣༣༠༠་ལྷག་ཡོད་ཅིང་། ཀོ་ལི་གྷལ་གཞིས་ཆགས་ལ་གྲོང་སྡེ་༢༢་དང་དགོན་ཁག་༧་བཅས་ཁྱོན་བསྡོམས་སེར་སྐྱ་མི་གྲངས་༥༢༠༠་ལྷག་ཡོད་པར་མ་ཟད། མོན་གྷོ་འདོད་རྒུ་གླིང་གཞིས ཆགས་ལ་མཚོན་ན་གཞིས་གྲོང་༩་དང་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས། གཞན་ཡང་རིས་མེད་ཆོས་རྒྱུད་ཁག་གི་གྲྭ་བཙུན་གྱི་དགོན་སྡེ་ཁག་༩་བཅས་ཁྱོན་བསྡོམས་སེར་སྐྱ་མང་ཚོགས་༡༥༩༠༠་ལྷག་ཡོད་པ་རེད།།
XS
SM
MD
LG