ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

གཟའ་འཁོར་འདིར་བོད་པ་བཙན་བྱོལ་བ་༣༦་ལ་ནད་དུག་འགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༩་པའི་ཚེས་༡༦་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བསྒྲགས་སྐབས་སུ་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་གཟའ་འཁོར་འདིར་རྒྱ་བལ་གཉིས་ཀྱི་བོད་པའི་སྤྱི་ཚོགས་སུ་མི་༣༦་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་འདུག དེ་དག་གི་གྲས་ཀྱི་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་འདུག་ཅེས་བཀྲལ། ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱིས་བཞུགས་སྒར་ཁུལ་དུ་ནད་པ་གསར་དུ་ཐོན་ཡོད་པ་དེ་དག་གི་གྲས་སུ་ནད་རྟགས་ཕྲན་བུ་ཡོད་པ་རེ་ཟུང་ཞིག་དང་གཞན་པ་ཚང་མར་ནད་རྟགས་སོགས་གང་ཡང་ཐོན་མི་འདུག

ང་ཚོས་ནད་རླབས་གསུམ་པར་སྔོན་འགོག་དང་བཞུགས་སྒར་ཁུལ་དུ་ནད་དུག་ཁྱབ་བརྡལ་མི་འབྱུང་བའི་ཆེད་དུ་དབུས་སྣེ་ལེན་ཁང་དུ་ཡོད་པའི་ཏོག་དབྱིབས་ནད་དུག་གསོ་བཅོས་ཁང་སླར་ཡང་སྒོ་ཕྱེ་ཡོད་ཅེས་གསུངས་འདུག འདས་པའི་ཟླ་བ་གཅིག་གི་ནང་དུ་འཕྲོད་བསྟེན་དྲུང་ཆེ་གཙོས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་བོད་པ་བཙན་བྱོལ་བ་གནས་སྡོད་ས་ཁུལ་ཁག་ཏུ་ནད་རླབས་གསུམ་པ་འཕྱུར་སྲིད་པར་སྔོན་འགོག་གི་གྲ་སྒྲིག་ལ་བསྐྱོད་ཡོད་ཅིང་། ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ན། རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་བཙན་བྱོལ་བ་༦༣༡༠་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༡༥༠་ཐམ་པར་འཆི་སྐྱོན། ད་དུང་སྨན་བཅོས་བྱེད་བཞིན་པ་མི་༥༥་ཡོད་པ་དང་མི་༦༡༠༥་དྲག་སྐྱེད་བྱུང་འདུག སང་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་དགུང་གྲངས་༧༡་ལ་ཕེབས་པའི་འཁྲུངས་སྐར་གྱི་དགའ་སྟོན་ལ་བཞུགས་སྒར་ཁུལ་གྱི་ཧིན་བོད་ཚོགས་པ་ཁག་ཐུན་མོང་གིས་རིན་མེད་དུ་ཏོག་དབྱིབས་ནད་དུག་བརྟག་དཔྱད་དང་སྨན་ཁབ་རྒྱག་རྒྱུའི་ལས་གཞི་ཞིག་བཀོད་སྒྲིག་བྱས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG