ངོ་འཕྲད་བདེ་བའི་དྲ་འབྲེལ།

ནད་དུག་ལས་ཀྱང་ཁྱིམ་མཚེས་ཀྱིས་དཀའ་ངལ་མང་བ་སྤྲད་སོང་།


༄༅།། རྒྱ་གར་གྱི་རྒྱས་ས་ལྡི་ལིར་མཁལ་མའི་སྨན་བཅོས་ཆེད་དུ་ཕེབས་པའི་བོད་པའི་ཁྱིམ་ཚང་ཞིག་གི་བཟའ་མི་གསུམ་ལ་ཏོག་དབྱིབས་ནད་དུག་འགོས། ད་ཆ་ཁོང་ཚོ་དྲག་སྐྱེད་གཙང་མ་བྱུང་ཡོད་ཀྱང་གཡས་གཡོན་གྱི་ཁྱིམ་མཚེས་ཁག་གིས་དོན་མེད་སུན་གཙེར་གྱིས་དཀའ་ངལ་མང་པོ་ཞིག་སྤྲད་སོང་ཞེས་མཚན་དངོས་སུ་གསུང་འདོད་མེད་པ་ཁྱིམ་ཚང་དེའི་བཟའ་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགོད་པས་མི་དེར་ཏོག་དབྱིབས་ནད་དུག་ཕོག་པ་དང་ཁྱིམ་མཚེས་ཀྱིས་དཀའ་ངལ་སྤྲད་པའི་དུས་སུ་ཅི་ཞིག་བྱས་པ་ཡིན་ནམ། རྣམ་ཚོར་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་མཚམས་སུ་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ལ་རོགས་རམ་ཞུ་ཆོག་གི་རེད། ཁྱེད་ཚོས་འབྲེལ་བ་མ་བྱས་པར་གནད་དོན་འདི་སྦ་གསང་བྱེད་དགོས་དོན་ཅི་ཞིག་ཡིན་ནམ་ཞེས་དྲིས། ཁོང་ཚོས་གནད་དོན་འདི་སྦ་གསང་བྱས་པ་ཞིག་གཏན་ནས་མིན། ང་ཚོས་འཕྲལ་དུ་ཨ་ཞང་གི་བཟའ་ཟླར་མཁལ་མའི་སྨན་བཅོས་བྱ་དགོས་པས་ཛ་དྲག་གི་གནས་སུ་ལྷུང་ཡོད་པའི་ནད་པ་ཞིག་ཡོད་པ་དེའི་ཐོག་ཏུ་སྟབས་མ་ལེགས་པར་ནད་པ་དང་ནད་གཡོག་གཉིས་ཀར་ཏོག་དབྱིབས་ནད་དུག་འགོས་སོང་། ང་ཚོ་སེམས་ཁྲལ་ཁོ་ནས་གཞན་ལ་འབྲེལ་བ་བྱ་རྒྱུ་སོགས་དྲན་མ་སོང་ཞེས་ལན་འདེབས་བྱས་འདུག སྤྱིར་ཁྱིམ་ཚང་དེའི་བཟའ་མི་གཅིག་ལ་མཁལ་མའི་སྨན་བཅོས་བྱས་པའི་བརྒྱུད་རིམ་ཁྲོད་དུ་སྨན་ཁང་ནས་ནད་པར་ཏོག་དབྱིབས་ནད་དུག་འགོས་། དེ་ནས་ཁྱིམ་ཚང་དེའི་བཟའ་མི་གཞན་པ་ཚོར་ནད་དུག་འགོས་ཁྱབ་བྱུང་ཡོད་པའི་དོགས་པ་བྱུང་སོང་། བོད་པ་ཚོ་ཛ་དྲག་མིན་ན་དོན་མེད་དུ་སྨན་ཁང་ལ་ཕེབས་རྒྱུ་མི་འདུག་ཅེས་གཞེན་སྐུལ་ཞུས་ཡོད་པ་རེད།།

རྒྱ་གར་གྱི་རྒྱས་ས་ལྡི་ལི་ནི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་ཤོས་ཡོད་པའི་མངའ་སྡེ་ཨང་བཞི་པ་ཡིན་ཞིང་། དེ་རིང་བར་དུ་ནད་པའི་གྲངས་འབོར་༡༡༦༥༩་ལ་སླེབས་འདུག དུས་ཡུན་རིང་པོ་ཞིག་ལ་མ་ཅུང་ཊི་ལའམ། བོད་སྒར་བསམ་ཡས་གླིང་དུ་ཏོག་དབྱིབས་ནད་དུག་འགོས་པའི་བོད་པ་གཅིག་ཀྱང་བྱུང་མེད། འོན་ཀྱང་འདས་པའི་ཉིན་ཤས་ནང་དུ་བོད་པ་གཉིས་ལ་ཚ་བ་འཕར་ཏེ་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་བོད་པ་དེ་དག་ཟུར་འགོག་བྱས་ནས་མི་མང་གི་འཕྲོད་བསྟེན་དང་བདེ་འཇགས་ལ་དོ་ཁུར་བྱེད་བཞིན་འདུག དེ་རིང་བར་དུ་རྒྱ་གར་རྒྱལ་ཡོངས་སུ་བོད་པ་༤་ལ་ཏོག་དབྱིབས་ནད་དུག་ཕོག དེའི་གྲས་ཀྱི་བོད་པ་གཅིག་འདས་གྲོངས་སུ་གྱུར་པ་དང་མི་༣་དྲག་སྐྱེད་བྱུང་ཡོད་པ་བཅས་ཀྱི་སྐོར། ལྡི་ལི་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG