ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་ནང་ཏོག་དབྱིབས་ནད་དུག་དང་འབྲེལ་དཀའ་ངལ་ཡོད་མཁན་ཚོར་རོགས་རམ།


༄༅། །བལ་ཡུལ་ནང་ཏོག་དབྱིབས་ནད་དུག་དང་འབྲེལ་ནས་དཀའ་ངལ་འཕྲད་པའི་བོད་མི་ཚོར་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་ཕན་གནང་འདུག་ཅིང་། དེ་ཡང་བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱིས་གསུངས་དོན་ལ་བལ་ཡུལ་ནང་ཏོག་དབྱིབས་ནད་དུག་གི་བཀག་རྒྱའི་རིང་དཀའ་ངལ་འཕྲད་བཞིན་པའི་བོད་མི་ཚོར་ནང་སྲིད་ལས་ཁུངས་ཀྱིས་བཀའ་རྒྱ་གནང་བ་བཞིན་ས་གནས་གཞིས་མགོ་ཚང་འཛོམས་ཐོག་གྲོས་བསྡུར་ཀྱི་མང་ཚོགས་ལ་རོགས་དངུལ་བགོ་འགྲེམས་ཐུབ་པ་བྱ་རྒྱུ་ཡིན་པ་དང་མི་འགྱངས་བར་ལས་དོན་ལག་བསྟར་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། བལ་ཡུལ་ནང་འགྲོ་འོང་བཀག་སྡོམ་རིང་དཀའ་ངལ་འཕྲད་བཞིན་པའི་བོད་མི་སུ་ཡིན་ཡང་ངེས་བར་དུ་གང་ཐུབ་ཅི་ཐུབ་ཀྱི་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན་ཞེས་གསུངས་འདུག་པ་མ་ཟད། འབྲས་ལྗོངས་ཁུལ་དུའང་ཏོག་དབྱིབས་ནད་དུག་འོག་དཀའ་ངལ་འཕྲད་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་རམ་གསལ་བསྒྲགས་གནང་འདུག་པ་བཅས་ཀྱི་སྐོར། བལ་ཡུལ་ནས་ཨ་རི་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG