ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་ནི་ཏོག་དབྱིབས་རིམས་ནད་ཁྱབ་ས་ལྟེ་བ་གཞན་ཞིག་ལ་འགྱུར་སྲིད་པ།


༄༅།། སྤྱི་ལོ་༢༠༡༩་ལོའི་ལོ་མཇུག་ཏུ་ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་རིམ་བཞིན་འཛམ་གླིང་རྒྱལ་ཁབ་གང་སར་ཁྱབ་བཞིན་པའི་ཏོག་དབྱིབས་རིམས་ནད་ཀྱིས་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་ཞིག་བཟོ་བཞིན་ཡོད་པ་ལྟར་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་ལ་དྭགས་དང་མོན་རྟ་དབང་སོགས་རྒྱ་གར་གྱི་ས་གནས་མང་པོར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་མང་དུ་འབྱུང་གི་ཡོད་པར་མ་ཟད། སྨན་པ་ཚོས་བརྟག་དཔྱད་བྱས་ནས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཐོག་མ་དེ་ཡང་ངོས་འཛིན་བྱུང་འདུག ད་ལྟ་རྒྱ་གར་དུ་རྒྱལ་ཁབ་གཞན་གྱི་སྤྱི་དམངས་༡༧་ཚུད་པའི་ནད་པ་༡༣༠་ཙམ་ཡོད་ཅིང་། ཉམས་ཞིབ་པ་ཚོས་རྒྱ་གར་དུ་སྤྱི་ཟླ་བཞི་པར་ནད་པའི་གྲངས་འབོར་ལྡབ་ཀྱིས་འཕར་སྣོན་འགྲོ་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག མི་འབོར་དང་སྤྱི་ཚོགས་ཀྱི་གྲུབ་ཆ་བཅས་་ཕྱོགས་གང་ལ་བལྟས་ཀྱང་རྒྱ་གར་ནི་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་ལྟེ་བ་གཞན་ཞིག་ཏུ་འགྱུར་སྲིད་པའི་བློ་འཚབ་བྱེད་བཞིན་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG