ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལྷོ་ཕྱོགས་བོད་མིའི་སྡོད་སྒར་ནང་ཏོག་དབྱིབས་ནད་དུག་ཛ་དྲག་ཆེ་རུ་སོང་བ།


དེང་སྐབས་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་བསྐོར་ཐེང་གཉིས་པའི་གནང་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པ་དང་དུས་མཚུངས་ལྷོ་ཕྱོགས་ཀར་ན་ཀྲ་ཀ་་མངའ་སྡེའི་ནང་གི་བོད་མིའི་སྤྱི་ཚོགས་་ནང་དུའང་ནད་ཡམས་ཀྱི་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པ་རེད། དེ་ཡང་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་ཡོད་པའི་བོད་ཕྲུག་ཁྱིམ་སྡེའི་སྡོད་ཁང་གི་དབུ་འཛིན་ཆོས་དབྱིངས་ལགས་ཀྱིས་གསུངས་ན་ཟླ་བ་འདིའི་ཕྱི་ཚེས་༡༨་ཉིན་ཐོག་མར་བོད་ཁྱིམ་སྡོད་ཁང་གི་ཟ་ཁང་གི་ལས་བྱེད་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་པ་ཤེས་རྟོག་བྱུང་རྗེས་ཕྱི་ཚེས་༡༩ཉིན་དེ་གའི་ལས་བྱེད་དང་སློབ་ཕྲུག་ཡོངས་རྫོགས་བརྟག་དཔྱད་བྱས་ཏེ་ཕྱི་ཚེས་༢༣ཉིན་སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་ཡོད་པའི་བོད་པའི་སློབ་ཕྲུག་༣༠ཙམ་ལ་ཏོག་དབྱིབས་ནད་ཡམས་འགོས་པའི་བརྟག་དཔྱད་གྲུབ་འབྲས་ཐོན་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་ཕྱི་ཟླ་གསུམ་པ་ནས་བཟུང་ལྷོ་ཕྱོགས་གཞིས་ཆགས་ཁག་ནང་ཏོག་དབྱིབས་ནད་ཡམས་སླར་ཡང་ཁྱབ་འགོ་ཚུགས་ཡོད་པ་མ་ཟད། དེ་དག་གི་ནང་ནས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ནི་ནད་དུག་འགོས་མཁན་མང་ཤོས་དེ་ཆགས་ཡོད་ཅིང་། ཉིན་ལྟར་ནད་དུག་དེ་འགོས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ད་རིང་ཕྱི་ཟླ་༤་ཚེས་༢༥བར་དྲག་སྐྱེས་བྱུང་བ་རྣམས་ཕུད་པའི་དངོས་སུ་ནད་པ་མི་གྲངས་༣༡ ཡོད་ཅེས་རབ་རྒྱས་གླིང་གི་ས་གནས་འགོ་འཛིན་ཐུབ་བསྟན་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG