ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

པེ་ཅིང་གི་ངོ་རྒོལ་བཀག་འགོག


གཟའ་ཉི་མ་འདིར་པེ་ཅིང་གི་ཁྲོམ་གཞུང་དུ་མི་མང་གིས་ངོ་རྒོལ་བྱ་འཆར་ཡོད་ཀྱང་རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་ཡུལ་གྱི་ཉེ་འཁོར་དེ་ཚོར་འཛུགས་སྐྲུན་ཆེད་དུ་ལྕགས་རི་བསྐོར་ནས་ལམ་བཀག་ཡོད་པ་དང་། རྒྱ་ནག་གི་ལས་འགུལ་བ་ཚོས་དྲ་རྒྱ་བརྒྱུད་ནས་མི་མང་རྣམས་ས་གནས་ངེས་ཅན་ཞིག་ལ་འདུ་འཛོམས་བྱས་ནས་ངོ་རྒོལ་བྱེད་དགོས་པའི་སྐུལ་ལྕག་བཏང་ཡོད་ཅིང། དེ་རིང་གཟའ་པ་སངས་ཉིན་ལྕགས་རིའི་ངོས་སུ་གསལ་བསྒྲགས་ཤིག་སྦྱར་པ་དེར་ལམ་ཟུར་ཞིག་ལ་རྡིབ་སྐྱོན་བྱུང་ནས་བསྐྱར་དུ་འཛུགས་སྐྲུན་བྱེད་པར་ལམ་ཁ་བཀག་པ་ཡིན་ཞེས་བཀོད་ཡོད་པ་རེད།།

XS
SM
MD
LG