ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རང་ལུས་མེ་བསྲེགས་ཀྱི་སྐོར་ཨ་རིའི་གྲོས་ཚོགས་ཞིབ་འཇུག་ལྷན་ཁང་ཞིག་གིས་སྙན་ཐོན་བཏོན་པ།


ཕྱི་ཚེས་༢༢ ཉིན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་གིས་བོད་ནང་རང་ལུས་མེ་བསྲེགས་ཀྱི་གནས་ཚུལ་ཟམ་མི་ཆད་པ་ཡོང་གི་ཡོད་པའི་ཐད་དམིགས་སུ་བཀར་ཏེ་སྙན་ཐོ་ཞིག་བཏོན་འདུག་པ་དང་སྙན་ཐོ་འདིའི་ནང་ དེང་སྐབས་བོད་ནང་རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་མང་དུ་འགྲོ་གི་ཡོད་པ་མ་ཟད་ བོད་ཀྱི་ས་ཁུལ་མང་པོར་ཁྱབ་འགྲོ་གི་ཡོད་པ་འཁོད་འདུག་ཅིང་ སྙན་གཞན་ཡང་ཐོ་འདིའི་ནང་བོད་མི་ཚོས་རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་ནི་རྒྱ་ནག་གཞུང་གིས་རང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ཕམ་ཉེས་ཕྱིན་པའི་རྟགས་མཚན་ཡིན་པ་འདི་ངོས་འཛིན་བྱ་རྒྱུའི་ཚབ་ལ་ གནས་ཚུལ་དེ་དག་ནི་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་དང་ སྥྱི་ཚོགས་བདེ་འཇགས་ལ་གཏོར་བཤིག་བཏང་བའི་བྱ་སྤྱོད་ཁོ་ནར་ངོས་འཛིན་བྱས་ཏེ་ བོད་ནང་མུ་མཐུད་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་སྔར་ལས་ཤུགས་ཆེ་བ་བྱེད་ཀྱི་ཡོད་ལུགས་སྐྱོན་བརྗོད་བྱས་འདུག
XS
SM
MD
LG