ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཨ་རིའི་གྲོས་ཚོགས་ཀྱིས་མི་མང་ལ་ངལ་སེལ་རོགས་དངུལ་སྤྲོད་ཐབས།


༄༅།། ད་ལྟའི་བར་དུ་ཨ་རིའི་གྲོས་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་མང་ཚོགས་ཀྱི་དཀའ་ངལ་ལ་གཞིགས་ནས་མི་མང་དང་མངའ་སྡེ་ཁག ཚོང་ལས་ཆུང་ཁག་བཅས་ལ་དཔལ་འབྱོར་དཀའ་ངལ་ཕྲད་དང་འཕྲད་བཞིན་པ་སེལ་ཐབས་སུ་ངལ་སེལ་རོགས་དངུལ་སྤྲོད་ཕྱོགས་དེར་སྲིད་དོན་ཚོགས་པ་གཉིས་གྲོས་འཆམ་མ་བྱུང་བར་འགག་ཡོད་ཅིང་། ད་ལྟ་ཕྱོགས་ཁག་ཚང་མ་འདོད་བློ་ཡོངས་སུ་ཚིམས་པ་ཞིག་བྱུང་མེད་ཀྱང་ཨ་སྒོར་ཐེར་འབུམ་༩༠༠་ཐམ་པའི་ངལ་སེལ་རོགས་དངུལ་ཞིག་སྤྲོད་རྒྱུ་དེར་གྲོས་མཐུན་ཡོང་གྲབས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG