ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་གཞུང་གིས་པ་ཀི་ཟི་ཐན་ལ་སྐུལ་འདེད་གཏོང་བཞིན་པ།


ཨ་རིའི་ཕྱི་སྲིད་དྲུང་ཆེ་པ་ཀི་ཟི་ཐན་ནང་གཟིགས་སྐོར་ལ་ཕེབས་ཏེ། ཨ་རིའི་ངོས་ནས། པ་ཀི་ཟི་ཐན་གྱིས་ཁ་ཆེ་དྲག་སྤྱོད་པར་རྒོལ་ལན་དང་དྲག་གནོན་སྔར་ལས་ལྷག་པ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད་ ཡང་པ་ཀི་ཟི་ཐན་ལ་རོགས་དངུལ་ཨ་སྒོར་ཐེར་འབུམ་༧སྤྲད་རྒྱུའི་ཡོངས་ཁྱབས་གསལ་བསྒྲགས་བྱས་ཡོད་པ་དེར། པ་ཀི་སི་ཐན་གྱི་མི་མང་བརྒྱ་ཆ་༨༠ ཡིས་ལྟ་ཚུལ་ཡག་པོ་འཛིན་གྱིན་མེད་པ་རེད། ཡིན་ན་ཡང་ལྕམ་ཧེ་ལེ་རི་ ཁི་ལེན་ཌོན་གྱིས་ཨ་རིའི་ངོས་ནས་པ་ཀི་ཟི་ཐན་ལ་རོགས་དངུལ་སྤྲད་པ་འདི་ནི་པ་ཀི་ཟི་ཐན་གྱི་མི་མང་གི་ཆེད་དུ་ཡིན་ལུགས་བརྗོད་ཡོད་རེད།

XS
SM
MD
LG