ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༡/༡༨

ཨ་རི་ཕྱི་སྲིད་དྲུང་ཆེའི་འཇོར་ཇི་ཡའི་འཚམས་འདྲི།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་འཇོར་ཇི་ཡར་འཚམས་འདྲིར་ཕེབས་ཏེ། ཁོང་གིས་འཇོར་ཇི་ཡའི་གཞུང་འབྲེལ་མི་སྣ་ཚོར་དམངས་གཙོ་དར་སྤེལ་དང་སྲུང་སྐྱོབ། མ་རྩ་འཛུགས་འཇོག་བཅས་ལ་གྲོས་མོལ་བྱས་པ་དང་། ཕྱི་ཟླ་༦་ཚེས་༥་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཁེ་ལིན་ཀྲོན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། འཇོར་ཇི་ཡའི་མངའ་ཁོངས་ནས་ཁ་བྲལ་ལོགས་སུ་ཐོན་ཐབས་བྱེད་བཞིན་པའི་ས་གནས་ཨབ་ཁ་ཛི་ཡ་དང་། ལྷོ་ཨོ་སེ་ཤི་ཡ་གཉིས་ཀྱི་ས་ཐོག་ཏུ་ར་ཤི་ཡའི་དམག་དཔུང་འགྲེམ་འཇོག་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱས་ཏེ། འཇོར་ཇི་ཡའི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་ར་ཤི་ཡས་བརྩི་འཇོག་བྱེད་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG