རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་འདི་ཟླའི་ཕྱི་ཚེས་༢༣་ནས་༢༥་བར་ ཉིན་གསུམ་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦་པ་དེ་འཚོགས་པ་དང་། སྐབས་དེར་ཚོགས་བཅར་བ་ཁག་གི་དགོངས་ཚུལ་ཅི་བྱུང་སྐོར་བཅའ་འདྲི་ཞུས་པ་སོགས་ཀྱི་གནས་ཚུལ་འདི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་འདི་ག་རླུང་འཕྲིན་ཁང་གི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།