ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༡/༡༥

རྒྱ་ནག་གིས་ཐེ་ཝན་ཉེ་འགྲམ་དུ་མཚན་མོར་དམག་སྦྱོང་།


༄༅།། རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དང་མྱུལ་ཞིབ་གནམ་གྲུ་ཁག་གཟའ་ཟླ་བའི་མཚན་མོར་ཐེ་ཝན་གྱི་ཉེ་འགྲམ་མཁའ་དབྱིངས་སུ་འཕུར་སྐྱོད་བྱས་ནས་དམག་སྦྱོང་བྱས་ཡོད་ཅིང་། འདི་ནི་ད་སྔ་རྒྱ་ནག་གིས་མཚན་མོར་ཐེ་ཝན་གྱི་ཉེ་འགྲམ་དུ་དམག་སྦྱོང་བྱས་པ་ཐེངས་དང་པོ་ཡིན་པས་ཐེ་ཝན་གྱིས་དམག་སྦྱོང་དེ་ཤེས་རྟོགས་བྱུང་མཚམས་སུ་འཕྲལ་དུ་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིན་གནམ་གྲུ་བཏང་སྟེ་ཉེན་བརྡ་ནན་པོ་བཏང་བར་བརྟེན། རྒྱ་ནག་གི་གནམ་གྲུ་དེ་དག་ཕྱིར་འཐེན་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG