ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཉེ་ཆར་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་རྒྱ་གར་ལ་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས་པའི་གྲོས་མོལ་བྱས་པ་དང་། རྒྱ་དཀར་ནག་གི་སྲིད་བློན་རྣམ་པས་ཕྱོགས་གཉིས་ལ་མི་མཐུན་པའི་འགལ་ཟླ་ལས་མཐུན་ས་དང་འབྲེལ་བ་ཡར་རྒྱས་ཀྱི་གྲུབ་འབྲས་མང་བ་ཐོན་ཡོད་ཅེས་ནན་བརྗོད་བྱས་ཀྱང་། ཕྱི་ཟླ་༥་ཚེས་༡༧་ཉིན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་སླར་ཡང་རྒྱ་གར་གྱི་མཐའ་སྲུང་དམག་ལ་ལམ་བཀག་སྟེ། ཁོང་ཚོར་ལ་དྭགས་ཀྱི་སྤངས་ཀོང་མཚོའི་བྱང་ཕྱོགས་སུ་ཡོད་པའི་སྲིད་སྐྱབས་ས་ཁུལ་ལ་སྐོར་གཡེང་བྱེད་དུ་བཅུག་མེད་པ་དང་། དེར་བརྟེན་ཕྱི་ཟླ་༥་ཚེས་༢༦་ཉིན་རྒྱ་གར་གྱི་དམག་དོན་མི་སྣ་ཚོས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གི་མི་དམངས་བཅིངས་འགྲོལ་དམག་གིས་རྒྱ་གར་གྱི་མཐའ་སྲུང་དམག་ལ་ལམ་བཀག་པ་སོགས་ཀྱི་གནས་ཚུལ་དེ་དག་ཟླ་བ་རེར་ཐེངས་དྲུག་བདུན་རེ་རྟག་ཏུ་འབྱུང་བཞིན་ཡོད། སྤངས་ཀོང་མཚོའི་བྱང་ཕྱོགས་ཀྱི་ས་ཆ་དེ་རྣམས་རྒྱ་དཀར་ནག་གཉིས་ཀས་རང་གི་མངའ་ཁོངས་ཡིན་ཞེས་བདག་རྩོད་བྱེད་ས་ཞིག་ཡིན་པ་དང་། ང་ཚོས་ས་ཁུལ་དེ་རྒྱ་གར་གྱི་མངའ་ཁོངས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་བཤད་ཡོད་པ་རེད།
please wait

No media source currently available

0:00 0:03:50 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG