ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྔ་པ་ཁུལ་ཇོ་ནང་བསེ་དགོན་པ་རྒྱ་དམག་གིས་སྐོར་ཡོད་པ།


ཞི་ཆུང་
ཞི་ཆུང་
རྒྱ་ནག་གིས་བོད་ཀྱི་ཐོག་སྤེལ་བའི་བྱ་སྤྱོད་ལ་ངོ་རྒོལ་བྱ་རྒྱུའི་ཆེད་ཉེ་ཆར་སྤྱི་ཟླ་དགུ་པའི་ཚེས་༢༨་ཉིན་བོད་མདོ་སྨད་རྔ་པ་ཇོ་ནང་བསེ་དགོན་པའི་ལྷ་སྡེ་ནས་ཡིན་པའི་བོད་མི་ཞི་ཆུང་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་ཡོད་པ་ལྟར། ད་ཆ་ཁོང་གི་སྐུ་ཕུང་རྒྱ་ནག་གི་ཉེན་རྟོག་པས་བཙན་འཕྲོག་བྱས་ཏེ་། རུས་ཐལ་རྣམས་ནང་དུ་འཁྱེར་མ་བཅུག་པར་ཆུའི་ནང་དབྱུགས་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག་ཅིང་ད་ཆ་གསར་དུ་གནས་ཚུལ་ཐོན་པ་ལྟར་ན། བསེ་དགོན་པ་དང་ཞི་ཆུང་ལགས་ཀྱིས་ནང་གཉིས་རྒྱ་ནག་གི་དམག་གིས་སྐོར་ཏེ་དམ་དྲག་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུག དེའི་ཐད་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་དེར་རྒྱུས་མངའ་ཡོད་པའི་བོད་མི་ཞིག་ལ་ཁ་པར་ཐོག་སྐད་ཆ་དྲིས་པ་ཞིག་གསན་གནང་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG