ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཤེས་ཡོན་ཅན་ཚོས་ཆབ་སྲིད་སྒྱུར་བཅོས་གཏོང་དགོས་པའི་འབོད་སྐུལ།


རྒྱ་ནག་གི་རྒྱ་རིགས་ཤེས་ཡོན་ཅན་སྐད་གྲགས་ཅན་༧༠་ཐམ་པ་མཉམ་འབྲེལ་གྱིས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ་བསྐོ་བཞག་བྱུང་བའི་གཞུང་འཛིན་འགོ་ཁྲིད་གསར་པ་ཚོར་དམར་ཤོག་ཚོགས་པ་དང་སྲིད་གཞུང་གཉིས་ལོགས་སུ་དབྱེ་བ་འབྱེད་རྒྱུ་ཚུད་པའི་ཆབ་སྲིད་ཀྱི་སྒྱུར་བཅོས་འོས་འཚམ་ཞིག་གཏོང་དགོས་རྒྱུ་གལ་ཆེ་ཡིན་པ་ངོས་འཛིན་བྱ་དགོས་ཞེས་ཡོངས་གྲགས་ཀྱི་ཡི་གེ་ཞིག་འདོན་སྤེལ་བྱས་ཀྱང་། རྒྱ་ནག་ལ་སྲིད་དོན་ཚོགས་པ་གཅིག་གིས་སྲིད་དབང་འཛིན་པའི་ལམ་ལུགས་མཇུག་བསྒྲིལ་དགོས་ཞེས་དངོས་སུ་བརྗོད་མེད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཞིག་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG