ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་སྲིད་འཛིན་གྱིས་རྡོག་རྩ་ཆིག་བསྒྲིལ་དམ་ཟབ་དགོས་པའི་སྐུལ་མ།


རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཡིས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་དབུས་བློན་ཆེན་ལས་ཁང་གི་གཞུང་འབྲེལ་དཔོན་རིགས་དང་ དེ་བཞིན་ཞིང་ཆེན་ཁག་གི་དཔོན་རིགས་བཅས་ཀྱི་གཟབ་སྦྱོང་ཚོགས་འདུ་ཞིག་གི་ཐོག་གཏམ་བཤད་བྱས་པའི་ནང་དོན་གཙོ་བོ་དེ་ནི་དམར་ཤོག་ཚོགས་པ་ནང་ཁུལ་རྡོག་རྩ་ཆིག་བསྒྲིལ་ངེས་པར་དུ་གནས་དགོས་པ་དེ་ཡིན་པ་དང་། སྲིད་འཛིན་ཧུ་ཡིས་ཆིག་བསྒྲིལ་གྱི་ཐོག་ནས་རྒྱལ་ཁབ་དང་ མི་མང་གི་གནས་སྟངས་དང་འཛུགས་བསྐྲུན་འཕེལ་རྒྱས་ཇི་དགོས་གཏོང་ཐུབ་རྒྱུ་ཡིན་པའི་འགྲེལ་བརྗོད་བྱས་འདུག ཅིང་སྐུལ་མ་དེ་ནི་ད་ལོའི་ལོ་མཇུག་ཏུ་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་རྒྱ་ནག་གི་འགོ་ཁྲིད་བརྗེ་པོ་འཐེབ་རྒྱུ་ཡིན་པར་དམིགས་ཏེ་བྱས་པ་ཞིག་ཆགས་ཀྱི་ཡོད་འདུག། འདིའི་ཐད་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG