ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༢/༠༧
བོད།
ཁྲེང་ཏུའུ་གྲོང་ཁྱེར་དུ་ལི་ཐང་གི་ན་གཞོན་ཞིག་འཛིན་བཟུང་།
༠༤།༠༢།༢༠༢༡
ཁྲེང་ཏུའུ་གྲོང་ཁྱེར་དུ་ལི་ཐང་གི་ན་གཞོན་ཞིག་འཛིན་བཟུང་།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། སྔ་ལོའི་ཕྱི་ཟླ་༥་པའི་ཚེས་༡༣་ཉིན་རྒྱ་ནག་གཞུང་གིས་བོད་མདོ་ཁམས་ལི་ཐང་ཉག་ཆུ་རྫོང་། ཧོར་ལུང་ཡུལ་ཚོའི་སྟོད་གནས་སྡེ་བའི་རྒྱ་རཱ་ཚང་གི་བུ་ཆུང་བ་བསྟན་འཛིན་ཡོན་ཏན་ཞེས་པ་ཞིག་ཁྲིང་ཏུའུ་གྲོང་ཁྱེར་ལ་ཅ་དངོས་ཉོ་རུ་བསྐྱོད། ཁོ་པར་རྒྱ་མིའི་ཚོང་ཁང་ཞིག་ཏུ་ཚོང་ཁང་གི་བདག་པོས་ཁྱོད་ཚོ་བོད་པ་ཚོ་ཚོང་ཁང་ནང་དུ་ཡོང་མི་ཆོག བོད་པ་ཚོ་ཡག་པོ་མེད་པ་དང་ཅ་དངོས་ཉོ་ཐུབ་ཀྱི་མ་རེད་ཅེས་མི་རིགས་དབྱེ་འབྱེད་དང་མཐོང་ཆུང་སོགས་ཀྱི་ངན་སྨོད་བྱས་པས་བོད་པ་ན་གཞོན་དེ་དང་རྒྱ་མི་ཚོང་ཁང་བདག་པོ་གཉིས་ཁ་རྩོད་ཤོར། ཚོང་ཁང་བདག་པོས་འཕྲལ་དུ་ཉེན་རྟོག་པར་ཁ་པར་བཏང་སྟེ་རྒྱ་གཞུང་གི་ཉེན་རྟོག་པས་རྒྱ་མི་དེར་གང་ཡང་མ་བྱས་པར་བསྟན་འཛིན་ཡོན་ཏན་ལ་ལག་རུབ་བརྒྱབ་ནས་རྡུང་རྡེག་བཏང་ཞིང་། ཁོ་པ་འཛིན་བཟུང་བྱས་ནས་ཁྲེང་ཏུའུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་ཟླ་བ་ལྔའི་རིང་ལ་བཙོན་འཇུག་བྱས་པ་རེད་ཅེས་འབྲེལ་ཡོད་ས་གནས་དེའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག
གསར་འགྱུར་མཁོ་སྤྲོད་པས་རྒྱ་མི་ཚོང་ཁང་བདག་པོར་ནོར་འཁྲུལ་ཡོད་ཀྱང་ཉེན་རྟོག་པ་ཚོ་རྒྱ་མི་དེའི་ཕྱོགས་སུ་ལངས་ནས་འདྲི་རྩད་བྱས་མེད་ཅིང་། བོད་པ་བསྟན་འཛིན་ཡོན་ཏན་གྱིས་གནད་དོན་དེའི་འབྱུང་རྐྱེན་སོགས་ཉེན་རྟོག་པར་གསལ་བཤད་ཇི་ལྟར་བྱས་ཀྱང་ཉན་འཇོག་མ་བྱས་པར་ཉེས་རྡུང་ཚད་མེད་བཏང་འདུག འདི་ནི་རྒྱུན་དུ་རྒྱ་ནག་གི་ནང་ཁུལ་དུ་བོད་པ་ཚོར་རྒྱ་ནག་པ་ཚོས་མི་རིགས་དབྱེ་འབྱེད་ཆེན་པོ་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཞིག་རེད། བོད་པ་ཚོར་མཐོང་ཆུང་དང་བརྙས་བཅོས་བྱས་ནས་སྡོད་བཟོད་མི་ཐུབ་པ་ཞིག་ལ་འགྱུར་གྱི་འདུག་ཅེས་བཤད། བསྟན་འཛིན་ཡོན་ཏན་ལ་ནག་ཉེས་མེད་ཀྱང་ཟླ་བ་ལྔའི་རིང་ལ་བཙོན་འཇུག་ཁྲིམས་ཐག་བཅད། ཁོ་པར་བཙོན་ཁང་དུ་གཅར་རྡུང་ཚད་མེད་བཏང་བ་དང་ངལ་རྩོལ་བཙན་བཀོལ། མཚན་དཀྱིལ་གྱི་དུས་སུ་གློ་བུར་དུ་མགོ་ལ་རས་ནག་པོ་གཡོགས་ནས་བཙོན་ཁང་བརྗེ་སྤོར་ཐེངས་མང་པོ་བརྒྱབ་པ། བཙོན་ཁང་བརྗེ་སྤོར་གྱི་དུས་ཚོད་ནི་རྟག་ཏུ་དགོང་མོའི་མུན་ནག་གི་དུས་སྐབས་ཡིན་པས་ས་གནས་གང་དུ་ཁྲིད་པ་སོགས་ཤེས་དཀའ། བཙོན་ཁང་ཁ་ཤས་ཀྱི་གནས་སྟངས་ནི་ཧ་ཅང་ཞན་པོ་ཡོད་ས་རེད་ཅེས་བཤད་འདུག
ཕྱི་ལོ་༢༠༢༠་ལོའི་ཟླ་༩་ཚེས་༡༤་ཉིན་བསྟན་འཛིན་ཡོན་ཏན་གློད་གྲོལ་ཐོབ། ཁོ་པ་གློད་གྲོལ་བཏང་བའི་སྐབས་སུ་ཡིག་ཆའི་ནང་དུ་ཅ་དངོས་རྐུ་འཕྲོག་གི་ནག་ཉེས་ཕོག་པ་རེད་ཅེས་བཀོད། ད་ལྟ་བཙོན་གྲོལ་ཐོབ་པའི་རྗེས་སུའང་རྒྱ་གཞུང་གིས་བསྟན་འཛིན་ཡོན་ཏན་གྱི་འགྲོ་འདུག་སྤྱོད་གསུམ་ལ་དོ་དམ་ནན་པོ་བྱེད་བཞིན་འདུག ཁོ་པ་ལོ་ན་༢༤་ལ་སོན་ཡོད་པ་དང་སྤུན་མཆེད་མིང་སྲིང་༧་ཡོད་པ་རེད། བསྟན་འཛིན་ཡོན་ཏན་གྱིས་ལོགས་སུ་ཁྱིམ་ཐབ་བཟུང་སྟེ་བཟའ་ཟླ་བུ་ཕྲུག་བཅས་བཟའ་མི་གསུམ་འདུག ཁྱིམ་ཚོང་གི་དཔལ་འབྱོར་ཡོང་ཁུངས་ནི་ལས་གཉེར་གྱི་ཡོང་འབབ་ལ་བརྟེན་དགོས་པ་དང་ཁོ་པ་བཙོན་འཇུག་བྱས་པའི་རིང་དུ་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་མང་དག་ཅིག་ཕྲད། ཕྱི་ལོ་༢༠༠༨་ལོར་ས་བྱིའི་ཞི་རྒོལ་ཆེན་མོའི་ལངས་པའི་རྗེས་སུ་བོད་པ་ཚོར་རྒྱ་ནག་གི་ས་གནས་ཁག་ཏུ་མགྲོན་ཁང་གླ་མི་ཆོག་དང་ས་ཚིགས་ཁག་ཏུ་བོད་པ་ཚོར་དམིགས་སུ་བཀར་ནས་ཞིབ་བཤེར་བྱེད་ཀྱི་ཡོད་པའི་དཀའ་ངལ་རྣམས་མུ་མཐུད་དུ་ཡོད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
ཁྲེང་ཏུའུ་གྲོང་ཁྱེར་དུ་ལི་ཐང་གི་ན་གཞོན་ཞིག་འཛིན་བཟུང་།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:44
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
ཀུན་གླེང་གསར་འགྱུར། ༢༠༢༡ ཟླ་༢ ཚེས་༥
རྒྱ་ནག་ལ་ཨོ་ལིམ་ཕིག་རྩེད་འགྲན་འཚོགས་རྒྱུ་དེར་བོད་པ་ཚོས་ངོ་རྒོལ།
བོད་པའི་འགྲོ་བ་མིའི་ཐོབ་ཐང་བརྩི་བཀུར་ཞུ་དགོས་པའི་ནན་སྐུལ།
XS
SM
MD
LG