ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཨ་རིས་རྒྱ་ནག་གི་གསང་ཉུལ་ཡིན་སྲིད་པའི་མི་ལྔ་འཛིན་བཟུང་།


༄༅།། ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་གིས་ཕྱི་ཟླ་༣་པའི་ཚེས་༡༦་ཉིན་རྒྱ་ནག་པ་༥་འཛིན་བྱས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་གསང་ཉུལ་ཡིན་སྲིད། ཁོ་ཚོས་ཨ་མི་རི་ཀར་གནས་འཁོད་རྒྱ་ནག་དམར་ཤོག་གཞུང་དང་ལྟ་བ་མི་མཐུན་པ་དང་ཞིན་ཅང་གི་ཡུ་གུར་བ། བོད་པ་དང་ཧོང་ཀོང་བ་བཅས་ལ་ལྟ་རྟོག་བྱས་ནས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་ལ་གནས་ཚུལ་གཏོང་གི་འདུག་ཅེས་ནག་ཉེས་བཙུགས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG