ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཀླུ་ཆུ་ས་ཁུལ་དུ་བོད་པའི་ས་ཆ་བཙན་འཕྲོག


བོད་ཀྱི་མདོ་སྨད་ཀླུ་ཆུ་རྫོང་གི་ཉེ་འཁོར་དུ་ས་གནས་བོད་མི་ཚོས་རིན་གོང་སྤྲད་ནས་ཉོས་ཟིན་པའི་ས་ཆ་རྣམས་ས་གནས་སྲིད་གཞུང་གིས་གཞུང་བཞེས་གཏོང་རྒྱུའི་བརྡ་ཁྱབ་བཏང་སྟེ། མི་མང་གི་ས་ཆའི་མཐའ་ལ་ལྕགས་ར་འཐེན་པ་དང་ས་ཆའི་བདག་པོ་ཚོས་གཞུང་གི་ཐག་གཅོད་དེར་མོས་མཐུན་མ་བྱས་པར་ངོ་རྒོལ་བྱས་པས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་དང་ས་གནས་སྤྱི་བདེ་མི་སྣས་བོད་མི་ཚོར་རྡུང་རྡེག་བཏང་ནས་མི་གཅིག་སྨན་ཁང་ལ་སྐྱེལ་དགོས་བྱུང་ཡོད་པ་མ་ཟད། བོད་མི་༡༥་ཡས་མས་ཤིག་འཛིན་བཟུང་བྱས་པའི་གནས་ཚུལ་ཡང་ཐོན་པ་དང་། ད་དུང་བོད་ས་ཡོངས་སུ་རྒྱ་ནག་གཞུང་གིས་བོད་པ་ས་སྐྱེས་རྡོ་སྐྱེས་ཀྱི་ལག་ནས་ས་ཆའི་ཁེ་དབང་འཕྲོག་བཞིན་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་བྱས་པ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG