ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་གཞུང་འབྲེལ་གསར་ཤོག་ནང་རིག་གནས་གསར་བརྗེའི་སྐོར་གླེང་འགོ་འཛུགས་པ།


རྒྱ་ནག་གཞུང་འབྲེལ་གསར་ཤོག་གི་ནང་མི་ལོ་ ༥༠ སྔོན་གྱི་རིག་གནས་གསར་བརྗེའི་སྐོར་རྩིམ་ཡིག་བཀོད་པའི་ནང་། འདས་པའི་ལོ་རྒྱུས་ནས་བསླབ་བླངས་ཏེ་མ་འོངས་མདུན་བསྐྱོད་བྱེད་དགོས་ཞེས་བཀོད་ཡོད་པ་རེད། རྒྱ་ནག་གི་འགོ་ཁྲིད་མའོ་ཡིས་རིག་གནས་གསར་བརྗེ་བསླངས་ཏེ་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་སྐབས་འདིར་སྤྱིར་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་རྒྱུད་ལམ་ཕལ་ཆེ་བ་དེའི་སྐོར་ཁ་ཁུ་སིམ་པོར་བསྡད་ནས་ཉིན་གཅིག་ཕྱིན་པའི་རྗེས་སུ། མི་དམངས་ཉིན་རེའི་གསར་ཤོག་ནང་། དུས་དྲན་དེའི་སྐོར་གཟའ་ཟླ་བའི་མཚན་གུང་དུ་གསར་ཤོག་གི་དྲ་རྒྱའི་ཐོག་རྩོམ་ཡིག་ཅིག་བཀོད་འདུག རྩོམ་ཡིག་ནང་གནས་ཚུལ་གསར་པ་མེད་ཀྱང་། དམར་ཤོག་ཚོགས་པས་ ༡༩༨༡ ལོར་གྲོས་ཆོད་བཞག་སྟེ་རིག་གནས་གསར་བརྗེ་ནོར་འཁྲུལ་ཡིན་པའི་ལྟ་ཚུལ་དེ་ཚན་རིག་དང་མཐུན་ཞིང་དབང་ཚད་ལྡན་པ་ཞིག་རེད་ཅེས་ནན་བཤད་བྱས་པ་དང་། དུས་མཚུངས། རྒྱ་ནག་མི་དམངས་རྣམས་ཀྱིས་་སྲིད་འཛིན་ཞི་ཅི་ཕིང་དང་ཁོང་གི་སྲིད་བྱུས་ལ་དཔུང་རོགས་བྱེད་དགོས་ཞེས་སྐུལ་མ་བྱས་འདུག

XS
SM
MD
LG