ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཚན་རིག་དང་འཕྲུལ་རིག་བློན་ཆེན་གྱི་གཟིགས་ཞིབ།


རྒྱ་ནག་གི་ཚན་རིག་དང་འཕྲུལ་རིག་བློན་ཆེན་གྱི་གཟིགས་ཞིབ།

རྒྱ་ནག་གི་ཚན་རིག་དང་འཕྲུལ་རིག་བློན་ཆེན་གང་ཝན་ཨ་མི་རི་ཀའི་རྒྱལ་ཡོངས་ཚན་རིག་བརྟག་དཔྱད་ཁང་ལ་གཟིགས་ཞིབ་ཏུ་ཕེབས་ཡོད་པ་དང༌། ཁོང་གིས་རྒྱ་ནག་གི་བཟོ་ལས་རྨང་གཞི་དེ་སྔའི་ཨུ་རུ་སུའི་ཚན་རིག་ལག་རྩལ་ལ་བརྟེན་ཡོད་པ་སྤྱི་དང༌། ལྷག་པར་དུ་རྒྱ་ནག་གི་རླངས་འཁོར་བཟོ་ལས་ལ་འགྱུར་བ་བཏང་སྟེ། དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་རླངས་འཁོར་ས་ཡ་མང་པོ་ནས་བར་སྣང་ཁམས་སུ་ནག་རྫས་དུད་རླངས་ཐོན་གྱི་ཡོད་པ་བཀག་འགོག་བྱེད་དགོས་པ་དང༌། རྒྱ་ནག་ལ་དགོས་མཁོ་ཆེ་བའི་གློག་གི་འབྱུང་ཁུངས་དེ་རྣམས་རྡོ་སོལ་དང་རྡོ་སྣུམ་ལ་བརྟེན་ཡོད་པ་འགྱུར་བ་བཏང་སྟེ། ད་ནས་རྒྱ་ནག་རླུང་ཤུགས་དང་ཉི་འོད། ཆུ་ཤུགས་སོགས་ལ་བརྟེན་དགོས་པ་དང༌། རྒྱ་ནག་གི་བཟོ་གྲྭ་ཁག་དང་གློག་ཁང༌། རླངས་འཁོར་གྱི་དུ་བ་ནག་པོས་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་ཀྱི་ཡོད་པ་དེར་ཚ་དྲོད་ཁ་སྣོན་བྱེད་ཡོད་པ་དང༌། རྒྱ་ནག་གིས་ངེས་པར་དུ་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་མེད་པའི་རང་བྱུང་གི་ནུས་པའི་ཐོན་ཁུངས་གསར་པ་ཞིག་འཚོལ་ཞིབ་བྱེད་དགོས་ཞེས་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ། ཁོང་གིས་ཕྱི་ལོ་༢༠༠༠་ལོར་སྲིད་གཞུང་ལ་སྙན་ཞུ་ཕུལ་བའི་རྗེས་སུ་གང་ཝན་རྒྱ་ནག་གི་ཚན་རིག་དང་འཕྲུལ་རིག་བློན་ཆེན་ལ་འགྱུར་བའི་གོ་སྐབས་བྱུང་ཡོད་པ་རེད།།

XS
SM
MD
LG