༄༅།། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་ཤར་ཕྱོགས་མཐའ་མཚམས་སུ་རྒྱ་ནག་གི་དམག་དཔུང་བསྐྱར་དུ་འགྲེམ་འཇོག་བྱས་ཏེ་དམག་སྦྱོང་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པས་དཔར་འགྲེམ་བྱེད་བཞིན་པའི་གོ་ལའི་དུས་བབ་ཚགས་པར་ལ་རྒྱ་གར་གྱི་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་དབྱར་གྱི་དུས་སུ་རྒྱ་དཀར་ནག་གཉིས་ཀས་དུས་རྒྱུན་ལྟར་ས་ཁུལ་དེར་དམག་དཔུང་འགྲེམ་འཇོག་བྱེད་ཀྱི་ཡོད་ཅཔ་རེད་ཅེས་བཀོད་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།