ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱའི་འགོ་ཁྲིད་ཚོར་ཆབ་སྲིད་ཀྱི་འདུན་པ་ཤུགས་ཆེ་ཡོད་ན་བོད་ཀྱི་དཀའ་རྙོག་ལ་སེལ་ཐབས་ཡོད་པ།


གལ་ཏེ་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར། བོད་ཀྱི་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་ཤུགས་ཆེ་ཡོད་པ་ཡིན་ན། རང་ལུས་མེརབསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་རྦ་རླབས་འདི་ཐེ་བའི་བོད་ཀྱི་གནད་དོན་ཁག་ལ་འགྲིགས་འཇགས་ཡོང་བ་བྱེད་ཐུབ་རྒྱུ་ཡིན་ཞེས་ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྲིད་འཛིན་གྱི་འགན་འཁུར་ལེན་ནས་གཟའ་འཁོར་གཉིས་ཀྱང་འགྲོ་གི་མེད་པའི་མཚམས་འདིར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བྱང་ཨ་མེ་རི་ཀའི་སྐུ་ཚབ་བློ་བཟང་སྙན་གྲགས་ལགས་ཀྱིས་རེས་གཟའ་ཕུར་བུའི་ཉིན་བརྗོད་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ཚུལ་ཞིག་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
XS
SM
MD
LG