ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧུ་ཡི་ཨ་མེ་རི་ཀའི་གཟིཊ་བསྐོར་གྱི་སྐོར་ལ་ལྟ་ཕྱོཊ་མཐུན་གྱི་མེད་པ།


ཧུ་ཡི་ཨ་མེ་རི་ཀའི་གཟིཊ་བསྐོར་གྱི་སྐོར་ལ་ལྟ་ཕྱོཊ་མཐུན་གྱི་མེད་པ།

རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོས་ཨ་མེ་རི་ཀར་རྒྱལ་དོན་འཚམས་གཟིགས་བསྐོར་གནང་པའི་གནད་དོན་གྱི་ཐོག་ཏུ་མི་ཁོངས་ཨ་མེ་རི་ཀ་ཡིན་པའི་རྒྱ་རིགས་ཚོ་དང་ཨ་མེ་རི་ཀའི་ཚོང་པའི་སྡེ་ཚོགས་གཉིས་ལྟ་སྣང་དང་མཐོང་ཕྱོགས་མཐུན་གྱི་མེད་པ་རེད། རྒྱ་རིགས་ཀྱི་སྡེ་ཚོགས་ཚོས། རྒྱ་ནག་གི་སྟོབས་ཤུགས་རྒྱས་བཞིན་པར་བསྔགས་བརྗོད་དང་འབྲེལ། རྒྱ་ནག་ལ་གོ་སྐབས་དེ་བས་ཀྱང་བཟང་དུ་འགྲོ་བར་ཡིད་ཆེས་དང་གདེང་སྤོབས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཨ་མེ་རི་ཀའི་ཚོང་པའི་སྡེ་ཚོགས་ཀྱིས་རྒྱ་ནག་གི་སྟོབས་ཤུགས་འཕེལ་རྒྱས་འགྲོ་བཞིན་པ་དེ་དག་དྲང་ཚུགས་དང་འཁོད་སྙོམ་ལྡན་པའི་ཚོང་འབྲེལ་གྱི་ལམ་ནས་བྱུང་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་པར་བརྟེན། དྲང་ཚུགས་དང་འཁོད་སྙོམ་མེད་པའི་གནད་དོན་དེ་དག་གི་ཐད་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་ཡིན་འདུག

XS
SM
MD
LG