ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཧུན་ཅིན་ཐའོ་རྒྱ་ནག་གི་དམར་ཤོག་ཚོགས་ཆེན་ཐོག་ནས་ཕྱི་ལ་ཁྲིད་པ། 


༄༅།། གཟའ་སྤེན་པའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་མཇུག་སྒྲིལ་སྐབས་དེར་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་མི་གཉིས་ཀྱིས་འཐེན་ཏེ་ཚོགས་འདུའི་ཐོག་ནས་ཕྱི་ལ་ཁྲིད་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་མཇུག་བསྡུའི་ཉིན་དེར་ལོ་ན་༧༩་ལ་སོན་པའི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་མི་དམངས་ཚོགས་ཁང་ཆེན་མོ་ནས་ཕྱི་ལ་ཁྲིད་དགོས་པའི་རྒྱུ་མཚན་ཅི་ཡིན་རྒྱ་ནག་གཞུང་གིས་གསལ་བཀྲོལ་བྱས་མེད་ཅིང་། ཧུ་ཅིན་ཐའོ་ཚོགས་ཁང་ནས་ཕྱི་ལ་མ་ཁྲིད་གོང་དེར་ལི་ཀྲན་ཧྲུ་ལ་སྐད་ཆ་བཤད་པ་དང་ལི་ཀྲན་ཧྲུའི་རྐུབ་བཀྱག་ཁ་ཕྱོགས་བསྒྱུར་ནས་ཧུ་ཅིན་ཐའོ་ཡི་སྐད་ཆར་མཉན། སྐབས་ཤིག་ཞིས་ཅིན་ཕིང་གི་མདུན་གྱི་ཡིག་ཆ་ཞིག་ཧུ་ཅིན་ཐའ་ཡིས་ལེན་ཐབས་བྱས་ཀྱང་ཞིས་ཅིན་ཕིང་གིས་ཤོག་གུ་དེ་མནན་ནས་མ་སྤྲད། ཧུ་ཅིན་ཐའོ་ཕྱི་ལ་ཁྲིད་འགྲོ་བའི་སྐབས་དེར་སྲིད་བློན་ལི་ཁེ་ཆང་གི་ཕྲག་སྟེང་ལ་བཅགས་བཅགས་བྱས་ནས་སེམས་གསོ་བྱས་པ་ལྟར་གྱི་རྣམ་འགྱུར་ཞིག་ཐོན་པར་པར་མ་ཟད། ལི་ཀྲན་ཧྲུ་ཡར་ལངས་གྲབས་བྱས་ཀྱང་རྒྱབ་ལོགས་ནས་ཝང་ཧྲུང་གིས་འཐེན་ཏེ་ལངས་མ་བཅུགས་པ་རྣམས་བརྙན་འཕྲིན་ནང་དུ་གསལ་པོར་ཐོན།།

ཉམས་ཞིབ་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་ལ་འཐུས་མི་༢༥་ཡོད་པ་དེ་དག་གི་གྲས་སུ་སྲིད་བློན་ཁེ་ཆང་དང་ཝང་དབྱང་སོགས་ཧུ་ཅིན་ཐའོ་ཡི་ཤོག་ཁག་སྟེ། རྒྱ་ནག་གི་གུང་གཞོན་ཚོགས་པའི་འཐུས་མི་གཅིག་ཀྱང་བདམས་མེད་པར་ཞིས་ཅིན་ཕིང་གི་ཤོག་ཁག་གི་མི་འབའ་ཞིག་བདམས་ཡོད་པས་ཧུ་ཅིན་ཐའོ་མ་དགའ་བར་ཞིས་ཅིན་ཕིང་ལ་སྐྱོན་བརྗོད་བྱས་པ་ཡིན་ཤས་ཆེ། དེར་བརྟེན་ཞིས་ཅིན་ཕིང་གིས་འཛམ་གླིང་གི་གསར་འགོད་པའི་མིག་མདུན་དུ་སྲིད་འཛིན་ཟུར་པ་ཧུན་ཅིན་ཐའོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་ཕྱི་ལ་ཁྲིད་བཅུག་སྟེ་རྒྱ་ནག་གི་མཐོ་རིམ་ལས་སྣེ་གཞན་ཚོར་ཉེན་བརྡ་བཏང་བ་ཞིག་ཡིན་སྲིད་ཟེར། ཡང་ཉམས་ཞིབ་པ་རེ་ཟུང་གིས་ཧུན་ཅིན་ཐའོ་བདེ་ཐང་མེད་པར་ཚོགས་ཁང་ནས་ཕྱི་ལ་འཁྲིད་དགོས་བྱུང་བ་ཡིན་པ་འདྲ་པོ་འདུག་ཅེས་བཀྲལ། ཉམས་ཞིབ་པ་ཁག་ཅིག་གིས་ཧུ་ཅིན་ཐའོ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་རྟགས་ཐོན་ཏེ་ཚོགས་ཁང་ནས་ཕྱི་ལ་ཁྲིད་པ་ཡིན་སྲིད་ཅེས་ཚོད་དཔག་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG