ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཆབ་སྲིད་ལྟ་བ་མི་མཐུན་པ་ཝང་ཇིང་ཡུའི་འཛིན་བཟུང་།


༄༅།། རྒྱ་ནག་གི་ཆབ་སྲིད་ལྟ་བ་མི་མཐུན་པ་ཝང་ཇིང་ཡུའི་ཕྱི་རྒྱལ་ལ་ཡུལ་སྐོར་སྤྲོད་འཆམ་དུ་བསྐྱོད་པའི་སྐབས་སུ་རྒྱ་ནག་གི་དམག་དཔུང་ལ་སྐྱོན་བརྗོད་བྱས་པས་རྒྱ་ནག་དམར་ཤོག་གི་དབང་འཛིན་པ་ཚོས་ཝང་ཇིང་ཡུའི་དུས་བཀག་ལྟར་ནག་ཉེས་ངོས་ལེན་བྱེད་དུ་ཡོང་དགོས་ཞེས་འཇིགས་སྐུལ་བྱས་ཡོད་ཅིང་། རེས་གཟའ་ཕུར་བུའི་ཉིན་ཝང་ཆིང་ཡུའི་གྲོགས་པོ་ཞིག་གིས་ཊོས་ཊར་དྲྭ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཝང་ཨ་མི་རི་ཀར་ཡོང་བའི་ལམ་དུ་དྷུ་བྷེ་གྲོང་ཁྱེར་གྱི་ཉེན་རྟོག་པས་འཇུ་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཉེན་ཁ་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG