ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་དུ་བཅའ་སྡོད་ཧོང་ཀོང་གི་དོན་གཅོད་ཁང་སྒོ་བརྒྱབ་པ།


༄༅།། སྤྱི་ཟླ་༥་པའི་ཚེས་༡༨་དེ། རེས་གཟའ་མིག་དམར་ཉིན་ཧོང་ཀོང་ས་གཞུང་གིས་ཐེ་ཝན་དུ་བཅའ་སྡོད་ཧོང་ཀོང་གི་དོན་གཅོད་ཁང་གློ་བུར་དུ་སྒོ་རྒྱག་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཅིང་། ད་ལྟ་ཐེ་ཝན་དང་ཧོང་ཀོང་གི་འབྲེལ་བ་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པར་མ་ཟད། ཐེ་ཝན་གཞུང་གིས་ཧོང་ཀོང་གཞུང་གི་བྱེད་སྟངས་ལ་བློ་ཕམ་ཡོད་ཅེས་བརྗོད་འདུག ཧོང་ཀོང་ས་གཞུང་གི་མགྲིན་ཚབ་པ་ཞིག་གིས་ཐག་གཅོད་དེ་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པར་འབྲེལ་བ་མེད་ཅེས་གསལ་སྟོན་བྱས་ཀྱང་དོན་གཅོད་ཁང་སྒོ་རྒྱག་དགོས་པའི་ཐག་གཅོད་བྱས་པའི་རྒྱུ་མཚན་ཅི་ཡིན་དང་ཧོང་ཀོང་གི་དོན་གཅོད་ཁང་བསྐྱར་དུ་སྒོ་འབྱེད་རྒྱུ་ཡིན་མིན། སྒོ་འབྱེད་བའི་དུས་ཚོད་སོགས་འགྲེལ་བརྗོད་གང་ཡང་བྱས་མེད་པ་སོགས་ཀྱི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG