ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཟངས་བཙོ་སྦྱང་བྱེད་སའི་བཟོ་གྲྭ་རྒྱག་རྒྱུ་ངང་འཐེན།


རྒྱ་ནག་གི་ཧྲང་ཧེ་མ་རྐང་ཁྲོམ་རར་ཚོང་ལས་གཉེར་བཞིན་པའི་སི་ཁྲོན་ཧུང་ཏ་བཟོ་ཚོང་ལས་ཁང་གིས་ཨ་སྒོར་དུང་ཕྱུར་༡༦་འགྲོ་གྲོན་བཏང་སྟེ། བཟོ་ཚོང་ལས་ཁུངས་དེས་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པའི་ཧྲི་ཧྥང་གྲོང་ཁྱེར་གྱི་ས་གནས་ཤིག་ལ་ཟངས་བཙོ་སྦྱང་བྱེད་སའི་བཟོ་གྲྭ་ཞིག་རྒྱག་རྒྱུའི་འཆར་འགོད་བྱས་པ་དང་། དེར་བརྟེན་འདས་པའི་ཉིན་ཤས་རིང་མི་འབོར་ས་ཡ་ཕྱེད་ཀ་ལྷག་ཡོད་པའི་ཧྲི་ཧྥང་གྲོང་ཁྱེར་གྱི་ཡུལ་མི་ཚོས་ཟངས་བཙོ་སྦྱང་བྱེད་སའི་བཟོ་གྲྭ་དེར་ངོ་རྒོལ་བྱས་ཏེ། ས་གནས་དེའི་མི་མང་གིས་ཧྲི་ཧྥང་གྲོང་ཁྱེར་གཞུང་གི་སྒོ་དང་སྒེའུ་ཁུང་བཅག་པ་དང་། གྲོང་ཁྱེར་སྲིད་གཞུང་གི་ཉེན་རྟོག་པ་དང་ལས་བྱེད་པ་ཚོར་རྡོ་དང་ས་ཕག་གིས་རྡུང་རྡེག་བཏང་ཞིང་། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་མི་མང་ངོ་རྒོལ་བ་ཁྲོམ་སྐོར་པ་༢༧་བཀག་ཉར་བྱས་པ་མ་ཟད། ཁོང་ཚོས་མི་མང་གི་ངོ་རྒོལ་ཁྲོམ་སྐོར་དེར་དྲག་གནོན་བྱས་ཟིང་ཆ་འཇམ་ཡོད་པ་རེད།
XS
SM
MD
LG