ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་རིགས་ཟིན་བྲིས་པ་ཚོར་དྲ་རྒྱའི་ཐད་དོ་དམ་བྱེད་བཞིན་པ།


རྒྱ་ནག་གི་ནང་དུ་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་མི་ས་ཡ་༤༢༠ལྷག་ཡོད་པ་དང༌། དྲ་རྒྱའི་སྒང་དུ་སྨྲ་བརྗོད་རང་དབང་གི་བསམ་ཚུལ་དང་ལྟ་བ་སྤེལ་བ་དེ་ནི་རྒྱ་ནག་དམར་ཤོག་གཞུང་གི་བརྟན་བརླིང་ལ་གནོད་པ་ཚབས་ཆེན་པོ་ཡིན་པ་མཐོང་སྟེ་ རྒྱ་ནག་གཞུང་གིས་དྲ་རྒྱའི་ཉེན་རྟོག་པ་དང་དྲ་རྒྱའི་གསང་ཉུལ་བ་རྩ་འཛུགས་བྱས་ཏེ་རྒྱ་ནག་ནང་གི་དྲ་རྒྱའི་རང་དབང་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་སྟེ། དཔེར་ན་གཟའ་ལྷག་པའི་ཉིན་གཅིག་པུ་ལ་རྒྱ་ནག་གི་དྲ་རྒྱ་གཅིག་རང་གི་ཐོག་ཟིན་བྲིས་སྤེལ་མཁན་༦༠ལྷག་གི་ཟིན་བྲིས་སྒོ་བརྒྱབ་ཡོད་འདུག་ལ། ཡང་གཙོ་བོ་དོ་དམ་བྱེད་ས་དེ་ཁྲིམས་རྩོད་པ་དང་རྩོམ་པ་པོ་ལ་སོགས་པའི་ཟིན་བྲིས་རྣམས་ཡིན་པ་རེད།

XS
SM
MD
LG