ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་མདོ་སྨད་གཅན་ཚ་རྫོང་གི་བོད་པ་རང་ལོ་༥༧་ལ་སོན་པ་རྡོ་རྗེ་རབ་བརྟན་ཞེས་པ་ཞིག་གིས་རང་སྲེག་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་གསང་བ་ཕྱི་ལ་ཤོར་ཏེ། ཁོང་ལ་ས་གནས་ཉེན་རྟོག་པས་རྗེས་འདེད་བྱས་པ་དང་། ཕྱི་ཟླ་༨་ཚེས་༢༣་ཉིན་ཟི་ལིང་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ཏུ་རྡོ་རྗེ་རབ་བརྟན་རྒྱ་གཞུང་གི་ཉེན་རྟོག་པས་ལྐོག་གསོད་བྱས་ཡོད་ཚུལ་ཐོན་ཤིང་། དེའི་རྗེས་སུ་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་ལས་ཁང་ཞིག་གིས་འདས་པོ་དེའི་ནང་མི་ཚོར་རུས་ཐལ་ཞིག་སྤྲད་དེ་རྡོ་རྗེ་རབ་བརྟན་གྱི་ཕུང་པོ་ཞུགས་འབུལ་བྱས་ཟིན་ཞེས་འགྲེལ་བཤད་བརྒྱབ་འདུག་པ་མ་ཟད། རྡོ་རྗེ་རབ་བརྟན་གྱི་ནང་མི་ཚོས་འདས་པོ་དེར་ཅི་བྱུང་མིན་གྱི་གནས་ཚུལ་རྩད་ཞིབ་དང་གཞུང་ལ་ཞུ་གཏུག་སོགས་གང་ཡང་བྱེད་ཐུབ་ཀྱིན་མེད་པ་དང་། ད་དུང་རྒྱ་ནག་གཞུང་ཉེན་རྟོག་པ་ཚོས་རྡོ་རྗེ་རབ་བརྟན་གྱི་ནང་མི་ལ་དམ་དྲག་ཆེན་པོ་བྱས་ནས་གནས་ཚུལ་ཕྱིར་བསྒྲགས་བྱེད་དུ་འཇུག་གི་མེད་པ་སོགས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ཡོད་པ་དང། ད་ལྟ་བོད་ནང་ལ་ཕྱོགས་གང་ཐད་དུ་དམ་དྲག་བྱས་ཏེ་མི་འཛིན་བཟུང་བྱེད་ཀྱི་ཡོད་པའི་གནས་ཚུལ་བཅས་ཕྱོགས་བསྡུས་བྱས་པ་ཞིག་སྙན་སྒྲོན་ཞུ་ཡི་རེད།
please wait

No media source currently available

0:00 0:09:28 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG