ཨི་ཇིབ་ནང་མང་ཚོགས་ཀྱིས་དམངས་གཙོ་དོན་གཉེར་གྱི་ལས་འགུལ་སྤེལ་ཏེ་ ལོ་བཅུ་ཕྲག་གསུམ་གྱི་རིང་ལ་སྲིད་དབང་རྒྱུན་འཛིན་བྱེད་མཁན་སྲིད་འཛིན་ཧོས་ནི་མུ་བྷ་རཀ་གི་གཞུང་མགོ་རྟིང་སློག་པའི་གནས་ཚུལ་དེས་ རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོར་རེ་བ་གསར་པ་ཞིག་རྙེད་པ་དང་ སེམས་འགུལ་ཆེན་པོ་ཞིག་ཐེབས་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།