ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་དགེ་རྒན་ཆེན་མོ་ཞིག་གིས་ཞིས་ཅིན་ཕིང་ལ་སྐྱོན་བརྗོད།


༄༅།། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།རྒྱ་ནག་གི་རྒན་ཡོལ་ལ་ཕྱིན་ཟིན་པའི་དགེ་རྒན་ཆེན་མོ་ཞིག་ལ་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་འགལ་འཛོལ་གྱི་ཉེས་ཆད་བཅད་ཡོད་ཅིང་། དགེ་རྒན་ཆེན་མོ་ཚེ་ཀྲེང་རྒན་ཡོལ་ལ་མ་ཕྱིན་པའི་སྔོན་དེར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སློབ་གྲྭའི་དམངས་གཙོ་ཆབ་སྲིད་ཀྱི་སློབ་ཁྲིད་བྱེད་མཁན་ཞིག་ཡིན་པར་མ་ཟད། ཁོང་གིས་ཞིས་ཅིན་ཕིང་ལ་སྐྱོན་བརྗོད་བྱས་པས་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་འགལ་འཛོལ་བྱུང་སོང་ཞེས་དགེ་རྒན་ཆེན་མོ་ཚེ་ཀྲེང་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG