ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་སྒྲིག་གཞི་གསར་པ་མང་པོ་ཞིག་གཏན་འབེབས་བྱས་ཡོད་པ།


རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པ་ཤིང་ཅང་གི་ནང་། ཁ་བྲལ་རིང་ལུགས་ལ་འཐབ་རྩོད་བྱ་རྒྱུར་དམིགས་པའི་སྒྲིག་ཁྲིམས་གསར་པ་མང་པོ་ཞིག་གཏན་འབེབས་བྱས་ཡོད་པ་དེ་དག་གི་ཁོངས་སུ། གཞུང་གི་ལས་ཁུངས་ཁག་གི་ནང་ཆོས་བྱེད་མི་ཆོག་པ་དང་། འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་བྱས་ཏེ་རྒྱལ་ཁབ་ཀྱི་གོང་བུ་གཅིག་འགྱུར་ལ་གནོད་སྐྱོན་གཏོང་མི་ཆོག་པའི་དམ་དྲག་བྱས་ཏེ། གལ་ཏེ་དེ་ལྟར་བྱས་ཚེ། དོ་བདག་གི་འཕྲིན་གཏོང་གི་ཡོ་ཆས་ཚང་མ་བཙན་འཕྲོག་བྱ་རྒྱུ་མ་ཟད། ད་དུང་རྒྱ་མིའི་སྒོར་མོ་ལྔ་སྟོང་ནས་ཁྲི་གསུམ་བར་དངུལ་གྱི་ཆད་པ་འགེལ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག ཐག་གཅོད་འདི་ནི། ཁུལ་དེར་ཉེ་བའི་ལོ་ཤས་ཀྱི་ནང་། གློ་བུར་རྒོལ་བརྡུང་བྱས་པའི་དོན་རྐྱེན་རིམ་པ་ཞིག་བྱུང་སྟེ་མི་བརྒྱ་ཕྲག་ཁ་ཤས་ལ་སྲོག་སྐྱོན་བྱུང་ཡོད་པ་དེ་རིགས། ཡང་བསྐྱར་མི་འབྱུང་སྔོན་འགོག་བྱ་རྒྱུའི་ཆེད་དུ་ཡིན་ཚུལ་རྗོད་ཀྱི་ཡོད་པ་དང་། རྒོལ་བརྡུང་དེ་དག་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་མཁན་ཡུ་གུར་ཁ་ཆེ་རྣམས་ཀྱིས་བྱས་པ་ཡིན་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་ཅིང་། ད་རེས་གཏན་འབེབས་བྱས་པའི་དམ་དྲག་གསར་པ་དེ་དག དུས་སང་ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་ནས་ལག་ལེན་བསྟར་རྒྱུ་ཡིན་ལུགས་རྗོད་ཀྱི་ཡོད་པ་རེད།།

XS
SM
MD
LG