ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨོ་བྷ་མ་དང་ཞིས་ཅིན་ཕིང་ཐུག་འཕྲད་བྱ་འཆར།


༄༅།། ཐོག་མའི་འཆར་གཞི་ལྟར་ན། ཕྱི་ལོ་༢༠༡༣་ཀྱི་ཟླ་བ་༩་བའི་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་ཆེན་བར་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་གཉིས་མཇལ་འཕྲད་གྲོས་མོལ་གནང་བའི་འཆར་གཞི་མེད་ཅིང་། གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཟླ་བ་རྗེས་མར་ཐུག་འཕྲད་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་ཅིང་། འདི་ནི་མི་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་སྲིད་འཛིན་རྣམ་གཉིས་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་དུས་ཚོད་ཚོད་དཔག་བྱས་པ་ལས་ཀྱང་སྔ་བ་བྱུང་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་དྲ་ལམ་བརྒྱུད་ནས་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་དང་མཁའ་དབྱིངས་ཞིབ་འཇུག་ལས་ཁང་། ཨ་མི་རི་ཀའི་ཚན་རིག་དང་དམག་དོན་བཟོ་ཚོང་ལས་ཁང་ཁག་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་ཤིང་། ད་དུང་རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་བར་གནོན་ཤུགས་ནུས་པ་ཐོན་པ་ཞིག་སྤྲོད་ཀྱི་མེད་པས། པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་དེ་ཙམ་བཟང་པོ་མེད་མོད། ཡིན་ནའང་དེ་རིང་ཕྱི་ཟླ་༥་ཚེས་༢༡་ཉིན་མཉམ་འབྲེལ་གསར་ཁང་གིས་ཕོ་བྲང་དཀར་པོའི་གསར་འགོད་གསལ་བསྒྲགས་སྤེལ་པ་ལུང་འདྲེན་བྱས་པ་ལྟར་ན། ཕྱི་ཟླ་༦་ཚེས་༧་དང་༨་གཉིས་ལ་སྲིད་འཛིན་ཨོ་བྷ་མ་དང་ཞིས་ཅིན་ཕིང་གཉིས་ཨ་མི་རི་ཀའི་ནུབ་ཕྱོགས་སུ་ཡོད་པའི་ལོ་སི་ཨན་ཇི་ལི་སི་གྲོང་ཁྱེར་དུ་ཐུག་འཕྲད་བྱེད་ཀྱི་ཡོད་པ་དང་། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཞིག་གིས་ཨ་མི་རི་ཀས་འགོ་ཁྲིད་པའི་འཛམ་གླིང་འདིར་རྒྱ་ནག་གིས་ཀྱང་འགན་ཁུར་མཉམ་ལེན་བྱེད་རྒྱུ་གནད་འགག་ཆེན་པོ་ཡིན། ད་ལྟ་རྒྱ་ནག་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཡར་རྒྱས་སོང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེར་བརྟེན་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡག་ཏུ་གཏོང་རྒྱུ་གཙིགས་སུ་འཛིན་དགོས་ཞེས་བཤད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG