ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

དྲག་པོའི་ཁྲིམས་གཞི་ནས་རང་སྲེག་བར་རྒྱ་ནག་གི་འཛིན་པའི་སྲིད་ཇུས།


Watch Kunleng TV LIVE! (Windows)

༡༩༨༧ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དགེ་འདུན་པས་སྣེ་ཁྲིད་དེ་ལས་འགུལ་རིམ་པརབྱུང་རྗེས་ ༡༩༨༩ ཕྱི་ཟླ་ ༣ ཚེས་ ༧ གྱི་མཚན་དགུང་ནས་ལྷ་སའི་ནང་དྲག་པོའི་ཁྲིམས་གཞི་གསལ་བསྒྲགས་བྱས་ཡོད་པ་དང་། བོད་དོན་དབྱེ་ཞིབ་པ་ཚོས་དུས་དེ་ནས་བཟུང་འདས་པའི་ལོ་སུམ་ཅུ་ཙམ་གྱི་རིང་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཆེ་བའི་སྲིད་བྱུས་རིམ་པར་ལག་བསྟར་བྱས་ཏེ། བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་དོན་དངོས་དང་འཚམས་པའི་གོམ་པ་སྤོ་ཐབས་མ་བྱས་པར་བོད་ཀྱི་ཆོས་རིག་དང་སྐད་ཡིག མི་རིགས་བཅས་རྩ་གཏོར་གཏོང་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། གནས་སྟངས་དེ་ལ་བརྟེན་ནས་འདས་པའི་ལོ་གཉིས་ཙམ་གྱི་ནང་བོད་མི་བརྒྱ་ལྷག་གིས་རང་སྲེག་གི་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད། དེ་རིང་གི་བགྲོ་གླེང་ལེ་ཚན་ནང་དུ་བཞུགས་སྒར་དྷ་རམ་ས་ལ་ནས་བོད་གནས་དབྱེ་ཞིབ་པ་སྤྱི་འཐུས་འབའ་སྐལ་བཟང་རྒྱལ་མཚན་ལགས་དང་འདི་ག་རླུང་འཕྲིན་ཁང་དུ་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུན་པ་ཀུན་དགའ་བཀྲ་ཤིས་ལགས་གཉིས་གདན་འདྲེན་ཞུས་ནས་ ༡༩༨༩ ལོར་ལྷ་སའི་ནང་དྲག་པོའི་ཁྲིམས་གཞི་གསལ་བསྒྲགས་བྱས་པ་ནས་ད་ལྟ་བོད་ནང་རང་ལུས་མེར་བསྲེགས་གཏོང་བའི་གནས་ཚུལ་མུ་མཐུད་ཡོང་བཞིན་པའི་བར་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ཀྱི་བརྒྱུད་རིམ་ལ་བསྐྱར་ཞིབ་དང་བགྲོ་གླེང་ཞུ་རྒྱུ་ཡིན།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
XS
SM
MD
LG